འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་
དཔེ་སྟོན་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་24ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་། མཚོ་སྔོན་ཞིང་ཨུད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྤེལ་བའི་2023ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དུ་སྤེལ་བ་རེད།
   དེ་ཉིན“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོར་དྲིལ་བསྒྲགས་དང་། རིག་གནས། ཚན་རྩལ། འཕྲོད་བསྟེན། སློབ་གསོ། ཞིང་ལས། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་བཅུ་གྲངས་ཀྱི་རིགས་གཅིག་མཁས་ཅན་དང་དང་བླངས་པས་རྐང་ཚ་རྫོང་གི་ལས་བཟོའི་རིག་གནས་བྱེད་སྒོ་ཐང་ཆེན་དུ་སྲིད་ཇུས་སྒྲོག་འགྲེལ་དང་། ལག་རྩལ་བློ་འདྲི། འོས་འགན་སྨན་བཅོས་སོགས་ཀྱི་ཞབས་འདེགས་སྣ་ཚོགས་ཞུས་པ་མ་ཟད། རིག་རྩལ་ལས་དོན་པས་ད་དུང་མང་ཚོགས་ལ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད། རིགས་གཅིག་མཁས་ཅན་དང་དང་བླངས་པས་ཀྱང་ད་དུང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཞིང་ལས་ལག་རྩལ་དང་། བདེ་ཐང་། བཅའ་ཁྲིམས། དུག་འགོག་སོགས་ཀྱི་ཤེས་བྱ་ཞིང་ནང་དང་མུ་ཁར་ཁྱབ་གདལ་དང་ཞིང་པར་དྲིལ་བསྒྲགས་བྱས་པ་རེད།
   ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་ད་ཐེངས་རྐང་ཚ་རྫོང་ལ་གཞི་རིམ་རིག་གནས་འཛུགས་སྐྱོང་གི་མ་དངུལ་སྒོར་ཁྲི་200སྤྲད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྱོན་སྒོར་དུང་ཕྱུར་3.78ཟིན་པའི་རྣམ་གྲངས་དང་། མ་དངུལ། དངོས་ཟོག་བཅས་སྤྲད་པ་རེད།