འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་ཀེན་ཐིན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་གཟབ་གཟབ་ཀྱིས་གསུང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་23ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས། ཨ་ཀེན་ཐིན་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ཏུ་སྒོ་རྩིས་ཚོང་ཁང་ལ་འཕྲོག་བཅོམ་བྱེད་པ་སོགས་ཀྱི་དོན་རྐྱེན་ཐོན་བཞིན་ཡོད། ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་དམངས་ཀྱིས་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་རྒྱུའི་དྲན་སྐུལ་བྱས་པ་རེད།
   གཞུང་ཚབ་ཆེ་མོ་ཁང་གིས། ཨ་ཀེན་ཐིན་རིམ་ཁག་སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་བདེ་འཇགས་ལ་ཤུགས་སྣོན་དང་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་འབྲེལ། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་འཇིགས་སྣང་དང་གདོང་ཐུག་བཟོ་བར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། 
ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཨ་ཀེན་ཐན་གྱི་ཁྲིམས་འཛིན་སྡེ་ཚན་དང་འབྲེལ་བ་བྱས་ནས། ས་གནས་དེ་གའི་ཀྲུང་གོའི་སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཤད་པ་མ་ཟད། ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་བཏང་ནས། ས་གནས་དེ་གའི་གསར་འགྱུར་ལ་དོ་ཁུར་ཆེན་པོ་བྱས་ཏེ། གནས་ཚུལ་ལ་གཞིགས་ནས་སྔོན་འགོག་རང་བཞིན་གྱི་བྱེད་ཐབས་སྤྱོད་པ་དང་། འཕྲིན་གཏོང་ཤར་གཏོང་ཐུབ་པ་བྱས་ནས་ས་གནས་དེ་གའི་ཉེན་བརྡ་གཏོང་སྟངས་ཁོང་དུ་ཆུད་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། 
   ཨ་ཀེན་ཐིན་གྱི་ཉེན་བརྡའི་ཁ་པར་ཨང་གྲངས། 911(ཛ་དྲག་གི་གནས་ཚུལ།) 
ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོབ་དང་གཞོགས་འདེགས་འཕྲལ་བསྟུན་ཁ་པར་ཨང་གྲངས།
0054-911-43992849 
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོབ་དང་ཞབས་ཞུ་འཕྲལ་བསྟུན་འབོད་གཏོང་ལྟེ་གནས་ཀྱི་ཁ་པར། 
0086-10-12308ཡང་ན0086-10-59913991