འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ནི་གཤོག་འབྲུག་གི་སྔ་མའི་དངོས་རིཊ་ཡིན་ནམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་18ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་རིག་གཞུང་དུས་དེབ《རང་བྱུང》ཞེས་པའི་ཐོག་གནའ་བོའི་སྐྱེ་དངོས་རིག་པའི་དཔྱད་རྩོམ་གསར་བ་ཞིག་སྤེལ་ཞིང་། ཞིབ་འཇུག་མི་སྣས་གསར་དུ་རྙེད་པའི་རི་བོང་རྩངས་ཤིག་ཞིབ་འབྲི་བྱས་ཡོད། དེ་ནི་གཤོག་འབྲུག་གི་སྔ་མའི་དངོས་རིགས་ཡིན། པར་ཙིར་དུ་ཤེས་རྟོགས་བྱུང་བའི་ལོ་དུང་ཕྱུར་2.3ཙམ་གྱི་གོང་གི་སུམ་བརྩེགས་དུས་རིམ་གྱི་རི་བོང་རྩངས་པ་ཁ་རལ་དང་། བྱ་རྒོད་ཀྱི་མཆུ་ཏོ་དང་འབུར་དུ་ཐོན་པའི་འཁྱོག་གྲིའི་དབྱིབས་ཀྱི་སྡེར་མོ་ཡོད་པ་དེའི་ཐོག་ནས་གནའ་བོའི་རིགས་ཚོགས་ཀྱི་སྣ་མང་རང་བཞིན་འབུར་དུ་ཐོན་ཡོད། 
     དཔྱད་རྩོམ་གྱི་རྩོམ་པ་པོས་བཤད་རྒྱུར། ཐེངས་འདིའི་ཞིབ་འཇུག་གསར་རྙེད་དང་འགྱུར་རྡོ་གཞན་དག་གིས། རི་བོང་རྩངས་པ་ནི་རྣམ་པའི་ཐོག་ནས་སུམ་བརྩེགས་དུས་རབས་ཀྱི་གཤོག་འབྲུག་དང་འདྲ་བར་སྣ་མང་ཅན་ཡིན་ལ། སུམ་བརྩེགས་དུས་རབས་ཀྱི་ཁུང་འབྲུག་ལས་ཀྱང་སྣ་མང་ཅན་ཡིན་པ་གསལ་བཤད་བྱས་ཡོད། འདིས་སྣ་མང་རང་བཞིན་འདི་རིགས་ཁུང་འབྲུག་དང་གཤོག་འབྲུག་གི་མེས་པོའི་ལུས་སྟེང་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པ་ལས། རིགས་འདི་གཉིས་ཀྱི་འབྱུང་ཁུངས་ཁོ་ནའི་རྗེས་སུ་བྱུང་བ་མིན་པ་མཚོན་ཡོད།