༄༅།།2023ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་17ཉིན། 14:06】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་8ཚེས་16ཉིན། བོད་ལྗོངས་ལྷ་སའི་འབྲས་སྤུངས་དགོན་དུ་གོས་སྐུ་བཤམས་པའི་ཆོ་ག་སྤེལ་ནས། བྱམས་པའི་སྐུ་ཐང་ཆེན་མོ་ཞིག་བཤམས་ཤིང་། དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞལ་མཇལ་དུ་འབྱོར། འབྲས་སྤུངས་དགོན་གྱི་གོས་སྐུ་བཤམས་པའི་ཆོ་གས་2023ལོའི་ལྷ་སའི་ཞོ་སྟོན་དངོས་སུ་འགོ་ཚུགས་པ་མཚོན།
【1】
【2】
【3】