འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཤུག་པ་རིང་ཤོས་2 ཀྱི་པར་ལ་གཟིགས་དང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་14ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཤུག་པ་རིང་ཤོས་2 ཀྱི་པར་ལ་གཟིགས་དང་།
   2023ལོའི་ཟླ་6ཚེས་7ཉིན་ནས་ཟླ་6ཚེས་23ཉིན་བར། ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་ཁང་དང་། ཧྥུའུ་ཅན་ཞིང་ནགས་ཚལ་སློབ་ཆེན། ཧྲང་ཧའེ་ཁྲེན་ཧྲན་རྩི་ཤིང་གླིང་ཕྲན། རྒྱལ་ཁབ་ཀྱི་རྩི་ཤིང་གཙོ་ཆེའི་ཤིང་སོན་ཐོན་ཁུངས་ཁུ་ཁྲེན་ཧྲན་ལྟེ་གནས། ཞ་མོན་སློབ་ཆེན། ཀྲུང་གོ་བདག་མེད་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་། བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནགས་ལས་དང་རྩྭ་ཐང་ཅུས། “ཀྲུང་གོའི་བདག་མེད་”ལས་དོན་ཁང་། སྤྲིན་པའི་ལས་སྟེགས་720རྟགས་ཅན་སོགས་ལས་གྲུབ་པའི་ཀྲུང་གོའི་ཤིང་སྡོང་ཆེན་པོ་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཤང་སོགས་སུ་བསྐྱོད་ནས། བོད་ཀྱི་ཤུག་སྡོང་ཁྱུ་ཚོགས་ལ་ཕྱོགས་བསྡུས་ཐོག་ཚན་རིག་རྟོག་ཞིབ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།
   ད་ཐེངས་ཀྱི་བརྟག་དཔྱད་ལས་ལྗོན་ཤིང་ཚོགས་པ་ལ་རིང་ཐུང་རིམ་པ་མང་པོ་ཡོད་པ་སྟེ། རིང་ཚད་སྨི་80ཡན་གྱི་ལྗོན་ཤིང་ཆེན་པོ་རག་ཙམ་བརྩིས་ན་260ཡན་ཟིན་པ་དང་། སྨི་90ཡན་གྱི་ལྗོན་ཤིང་ཆེན་པོ་25ཡོད་པ། གསོན་ཚད་ལྟར་བརྩིས་ན། སྨི་100ཟིན་པའི་ལྗོན་ཤིང་ཆེན་པོ་1སྟེ་བོད་ལྷོའི་ཤུག་སྡོང་ཨང་1རྟགས་ཅན་ཡིན་པ་དང་། གསོན་པོ་རིང་ཚད་སྨི་101.2ཟིན་པ། གཞན་ཡང་བོད་ལྷོའི་ཤུག་སྡོང་ཨང་IIཔ། གསོན་པོ་རིང་ཚད་སྨི་99.5ཟིན་པ་བཅས་ཤེས་རྟོགས་ཐུབ་ཡོད་པ་རེད། 2023ལོའི་ཟླ་8ཚེས་13ཉིན། ཚན་ཞིབ་རུ་ཁག་གིས་ལྗོན་ཤིང་ཆེན་པོ་གཉིས་པར་དུ་བླངས་པ་དང་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད།
   ཚན་རིག་རྟོག་ཞིབ་རུ་མིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་གོང་ལ་སྨི་102.3ཟིན་པའི་བོད་ཀྱི་ཤུག་སྡོང་ལ་ཚད་འཇལ་ཞིང་། རང་སར་འཚོལ་བསྡུ་བྱས་པ་བརྒྱུད། དབྱིབས་དང་ཚད་ལྡན་ཡིག་ཆ་ཞིབ་བསྡུར་བྱས་པ་བརྒྱུད། བོད་ལྷོའི་ཤུག་སྔོང་གི་རིང་ཚད་ནི་ཐོག་བརྩེགས་36གི་མཐོ་ཚད་དང་མཚུངས་ཀྱི་ཡོད་པ་རེད། གསོན་ཚད་རིང་ཤོས་ནི་(སྡོང་གི་རྩ་བ་ནས་གསོན་པའི་ཡལ་གའི་རྩེ་བར་)སྨི་101.2ཟིན། ད་ཡོད་ཀྱི་ཚད་འཇལ་ཟིན་ཐོ་ལྟར་ན་དེའི་རིང་ཚད་སྨི་101.2ཟིན་ཞིང་། ད་ལམ་ཚད་འཇལ་ཟིན་པའི་ཟིན་ཐོ་ལ་གཞིགས་ན། དེ་ཚོ་གསོན་ཚད་རིང་ཤོས་སྨི་101.2ཟིན་ནས། སྔར་བཞིན་གོ་ལ་ཧྲིལ་པོའི་སྡོང་རིགས་རིང་ཤོས་གཉིས་པ་དང་ཨེ་ཤེ་ཡའི་ཤིང་རིང་ཤོས་ཡིན་པ་རེད།
༄༅།།ཤུག་པ་རིང་ཤོས་2 ཀྱི་པར་ལ་གཟིགས་དང་།