འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་07ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག
    གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་8ཚེས་3ཉིན། སྡེ་ཚན་མང་པོ་ལས་གྲུབ་པའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆབ་མདོའི་ས་ཁོངས་ནང་གི་གནས་ཕུ་བྲག་ཕུག་ལ་གནའ་རྫས་རྟོག་ཞིབ་གཏིང་ཟབ་བྱས་པ་རེད། 
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཀྲ་ཤིས་དབང་རྒྱལ་གྱིས་ངོ་སྤྲོད་བྱས་དོན། གནས་ཕུ་བྲག་ཕུག་ནི་2022ལོར་ཤེས་རྟོགས་བྱུང་བ་དང་། 2022ལོ་དང་2023ལོར་གནའ་རྫས་རྟོག་ཞིབ་ཐེངས་གསུམ་བྱས་པ་རེད། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་དང་། ཆབ་མདོ་གྲོང་ཁྱེར་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་སུའོ་དང་གནའ་རྫས་རིག་གནས་དངོས་མང་སྟོན་ཚོགས་སློབ་གླིང་བཅས་ཀྱིས་མཉམ་ལས་བྱས་ནས། བྲག་ཕུག་དེར་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་བྱས་པ་དང་འབྲེལ་གྲུབ་འབྲས་ཀྱང་ཅུང་གལ་ཆེན་ཐོབ་ཡོད་པ་རེད། 
   བྲག་ཕུག་དེ་ནི་ད་བར་བོད་ལྗོངས་ཀྱི་ནུས་པ་ཅུང་མངོན་གསལ་དོད་པའི་གདུང་རྟེན་བྲག་ཕུག་འབའ་ཞིག་དེ་རེད། གནས་ཕུ་བྲག་ཕུག་དེ་ཆབ་མདོ་གྲོང་ཁྱེར་ཁ་རོ་ཆུས་ཀྱི་ས་ཁོངས་སུ་གནས་པ་དང་། ས་བབ་མཐོ་ཚད་སྨི་3800ཙམ་ཟིན་གྱི་ཡོད། བྲག་ཕུག་དེ་བྱང་དུ་ཆགས་ཤིང་ཁ་ལྷོ་ལ་འཁོར་ཡོད་པ་དང་། དེ་ནི་རང་བྱུང་གི་བྲག་ཕུག་བསྐྱར་སྐྲུན་བྱས་པ་ཞིག་ཡིན་པ། དེའི་ལོ་རྒྱུས་སྔ་ཙམ་ཡོད་ལ། ཉར་ཚགས་ཀྱང་ཅུང་ཆ་ཚང་པོ་ཡོད། དེའི་བར་སྟོང་ཅུང་ཆེ་ཞིང་སྙོམས་ངོས་ནི་གྲུ་བཞི་ཡིན་ལ། འཛུགས་སྐྲུན་ནི་ཕྱོགས་བཞི་དང་། འབུར་ཀོང་། བྲག་ཕུག་ནང་གི་མཐོ་ཞིང་ཆེ་བའི་མཆོད་རྟེན་ཞིག་བཅས་ཀྱིས་གྲུབ་པ་དང་། ཕྱོགས་བཞིའི་གྱང་དང་འབུར་ཀོང་སྟེང་དུ་ལྡེབས་རིས་ཡོད།
   ད་ཐེངས་ཀྱི་བརྟག་དཔྱད་ནི་བྲག་ཕུག་དང་མཆོད་རྟེན་བཟོ་བཀོད་ཀྱི་གྲུབ་ཆ་དང་། ངོས་སྙོམས། ས་ངོས་བཅས་ལ་ཚད་འཇལ་རགས་ཙམ་བྱས་པ་མ་ཟད། མཆོད་རྟེན་དང་བྲག་ཕུག་བར་གྱི་འབྲེལ་བ། བྲག་ཕུག་གི་བྱེད་ནུས་དང་ཁུལ་དབྱེ། ལྡེབས་རིས་ཀྱི་ཁྱབ་སྟངས་དང་བརྗོད་བྱ། རྣམ་པ། ལོ་རབས་བཅས་ལ་ཞིབ་འཇུག་རགས་ཙམ་བྱས་པ་དང་དུས་མཚུངས་བྲག་ཕུག་ནང་ལུས་བསྡད་པའི་དཔེ་ཆ་དང་། དཔེ་དེབ། ཚ་ཚ། ལྷུ་ལག་བཅས་ལ་བརྟག་དཔྱད་རགས་ཙམ་དང་ལེགས་སྒྲིག་རགས་ཙམ་བྱས་པ་རེད།  བྲག་ཕུག་དེ་དང་ལྷག་པར་དུ་བྲག་ཕུག་སྟེང་ཁྱུང་འབྲུག་རི་མོ་བྲིས་པ་རྙེད་པ་དེས་རྒྱ་བོད་སོགས་མི་རིགས་ཁག་གིས་ས་ཚིགས་འབྲེལ་ཐག་ཏུ་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་སླར་ཡང་བདེན་དཔང་བྱས་པ་རེད།
༄༅།།གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག
༄༅།།གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག
༄༅།།གནས་ཕུ་བྲག་ཕུག་ཏུ་རི་མོ་འདི་འདྲ་ཞིག་རྙེད་འདུག