འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་ཚན་རྩལ་མཐུན་ཚོགས་སོགས་སྡེ་ཚན་21གིས། མཉམ་དུ་2023ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་07ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་སོགས་སྡེ་ཚན་21གིས་མཉམ་དུ་བརྡ་ཐོ་བཏང་ནས། 2023ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོ་ཟླ་9ཚེས་17ནས་ཚེས་23ཉིན་བར་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཅིག་སྡུད་སྤེལ་གྱི་ཡོད་ཅིང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ནས་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་དགོས”པ་འདི་རེད།
     བརྡ་ཐོ་གཞིར་བཟུང་། འདི་ལོ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་། པུའུ་ཨུད་ཁོངས་གཏོགས་ཀྱི་བྱེད་སྒོ ཞིང་ཆེན་གྱི་ས་ཁོངས་ཁག་གི་བྱེད་སྒོ། མཉམ་འབྲེལ་བྱ་སྤྱོད་རབ་དང་རིམ་པ། ཚན་རིག་ཁྱབ་གདལ་གྱི་ཆེད་དོན་བྱ་སྤྱོད་བཅས་གཅིག་སྡུད་སྒྲིག་འཛུགས་བྱས་ནས། སྤྱི་ཚོགས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱིས་དགའ་པོ་བྱེད་པ། ཤུགས་རྐྱེན་ཐེབས་ཤུགས་ཆེ་བ། ཞབས་འདེགས་ཞུ་ཁྱོན་ཆེ་བ་བཅས་ཀྱི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་སྤེལ་གྱི་ཡོད་པ་རེད།
     བརྡ་ཐོར་ཁ་གསལ་བཏོན་དོན། འདི་ལོ་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཉིན་མོའི་བྱེད་སྒོས་ཚན་རྩལ་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་ཅན་ལ་སྐུལ་འདེད་གཏོང་བ་དང་ཆ་རྐྱེན་འཛོམས་པའི་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཚན་རྩལ་གསར་གཏོད་རྟེན་གཞིའི་སྒོ་དབྱེར་སྐུལ་འདེད་བཏང་སྟེ། གྲངས་གཞི་ཆེན་པོ་དང་། མི་ཐབས་རིག་ནུས། རྟོགས་བཟོའི་འཇིག་རྟེན། ཚད་རྡུལ་ཚན་རྩལ་སོགས་མདུན་གྲལ་གྱི་ཚན་རྩལ་དང་མི་ཞུགས་འཇིག་རྟེན་འཕུར་སྐྱོད། ཟླ་བའི་གོ་ལར་འཚོལ་ཞིབ་དང་མེ་འཚོལ་བ། མཚོ་གཏིང་དང་ས་གཏིང་དུ་འཚོལ་ཞིབ་ཚད་ལེན། ཚད་བརྒལ་རྩིས་འཕྲུལ་སོགས་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་འགྲེམས་སྟོན་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
     དེ་དང་ཆབས་ཅིག་ཚན་རྩལ་གྱི་ནུས་པ་ཆེ་རུ་མཐའ་འཁྱོངས་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་རམ་འདེགས་དང་། ཚན་རྩལ་ཁྱབ་གདལ་ལ་བརྟེན་ནས་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཚན་རྩལ་ཁྱབ་གདལ་གྱི་ཐོན་ཁུངས་སྤུས་ལེགས་གྲོང་གསེབ་ཏུ་ཁྱབ་པ་དང་ཞིང་པར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ལྗང་མདོག་དང་། ཐཱན་ཉུང་། གྲོན་ཆུང་བཅས་ཀྱི་སྐྱེ་ཁམས་འདུ་ཤེས་དར་སྤེལ་གཏོང་བ། ཚན་རིག་ཁྱབ་གདལ་ལ་བརྟེན་ནས“ཡང་དུ་གཏོང་བ་གཉིས”ལ་སྐུལ་འདེད་བཏང་སྟེ་ཚན་རིག་སློབ་གསོའི་སྡོམ་རྩིས་ཡག་པོ་རྒྱག་པ། དམངས་ཀྱི་ཆེད་དུ་ཚན་རིག་ཁྱབ་གདལ་བཏང་ནས་འཕྲོད་བསྟེན་བདེ་ཐང་དང་། གྲངས་གཞིའི་བྱང་ཚད། ཤེས་བྱའི་བདག་དབང་། བཟའ་བཅའི་བདེ་འཇགས་སོགས་སྤྱི་དམངས་ཀྱིས་དོ་ཁུར་བྱེད་ཅིང་། གླེང་མང་བའི་གནད་དོན་ལ་དམིགས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་གདལ་གྱི་ནང་དོན་ལ་བརྟེན་ནས་སྤྱི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་ཞབས་འདེགས་ཞུ་དགོས།