འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕིང་ཕང་སྤོ་ལོ་འགྲན་བསྡུར་གྱི་ཨང་དང་པོ་ཚང་མ་ཀྲུང་གོའི་རུ་ཁག་གིས་བླངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་07ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཁྲེང་ཏུའུ་རུ་འཚོགས་པའི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་ཕིང་ཕང་སྤོ་ལོ་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་ཁྲོད། ཀྲུང་གོའི་བདམས་ཐོན་པ་ཀྲོའུ་ཁའེ་བསྡུར་གྲངས་4∶2ཀྱི་ཐོག་ནས་རུ་གྲོགས་ཞུས་དབྱིན་པིན་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ།

     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ནི་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ཀྱི་མཇུག་བསྡུའི་འགྲན་བསྡུར་ཉིན་མོ་ཡིན་ཞིང་། བུད་མེད་ཀྱི་རྐྱང་རྒྱག་གི་མཐར་བསྡུར་ཁྲོད་འགྲན་བསྡུར་ཐེངས་བདུན་བྱས་མཐར་ཀྲུང་གོའི་རུ་ཁག་གི་ཆན་ཐེན་དབྱི་རི་པིན་རུ་ཁག་གི་ཁྲུའུ་ཙེ་ཤིན་ཅཱ་ལས་རྣམ་པར་རྒྱལ་ནས་གསེར་གྱི་རྟགས་མ་ཐོབ་པ་དང་། སྐྱེས་པའི་རྐྱང་རྒྱག་གི་མཐའ་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་ཀྲོའུ་ཁའེ་རུ་གྲོགས་ཞུས་དབྱིན་པིན་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་སྟེ། གསེར་གྱི་རྟགས་མ་བདུན་པོ་ཚང་མ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་བླངས་པ་རེད།
     བུད་མེད་ཀྱི་ཚོགས་པའི་འགྲན་བསྡུར་གྱི་མཐའ་བསྡུར་ཁྲོད་ཁྲུའུ་ཙེ་ཤིན་ཅཱ་ཆན་ཐེན་དབྱི་ལས་རྒྱལ་མོད། བུད་མེད་ཀྱི་རྐྱང་རྒྱག་གི་མཐའ་བསྡུར་ཁྲོད་འགྲན་ཚན་དང་པོ་དང་བཞི་པ་གཉིས་ཀ་ཁྲུའུ་ཙེ་ཤིན་ཅཱ་རྒྱལ་ཡང་གཉིས་པ་དང་གསུམ་པ་གཉིས་ཀ་ཆན་ཐེན་དབྱི་རྒྱལ་ཏེ་ཕྱོགས་གཉིས་ཀ་བསྡུར་གྲངས་2∶2ཐོག་ནས་མཉམ་པ་རེད།
     འགྲན་བསྡུར་མུ་མཐུད་སྤེལ་བ་དང་བསྟུན་ནས། འགྲན་ཚན་ལྔ་པར་ཆན་ཐེན་དབྱི་རྒྱལ་ཡང་འགྲན་ཚན་དྲུག་པ་ཁྲུའུ་ཙེ་ཤིན་ཅཱ་རྒྱལ་ནས་སླར་ཡང་མཉམ་པ་དང་། མཇུག་མཐར་བསྡུར་གྲངས་11∶9ཡི་ཐོག་ནས་ཆན་ཐེན་དབྱི་རྣམ་པར་རྒྱལ་བ་རེད།
     སྐྱེས་པའི་རྐྱང་རྒྱག་གི་མཐའ་བསྡུར་ནི་ཀྲུང་གོའི་རུ་ཁག་གི་གཙོ་ཤུགས་ལུས་རྩལ་པའི་འགྲན་བསྡུར་ཞིག་ཏུ་གྱུར་ཡོད། བསྟུད་མར་འགྲན་ཚན་གཉིས་ཀྲོའུ་ཁའེ་རྒྱལ་ཡང་དེའི་རྗེས་ཀྱི་འགྲན་ཚན་གཉིས་ཞུས་དབྱིན་པིན་རྒྱལ་བ་དང་། འགྲན་ཚན་ལྔ་པ་དང་དྲུག་པར་བསྡུར་གྲངས་11∶4དང་11∶8སོ་སོའི་ཐོག་ནས་ཀྲོའུ་ཁའེ་རྣམ་པར་རྒྱལ་ཏེ་མཇུག་མཐར་བསྡུར་གྲངས་4∶2ཀྱི་ཐོག་ནས་ཀྲོའུ་ཁའེ་ལ་ཨང་དང་པོ་ཐོབ་པ་རེད།
     འགྲན་བསྡུར་གྱི་སྒྲིག་ལམ་ལྟར་ན། ཨང་གསུམ་པ་དང་བཞི་པས་ཟངས་ཀྱི་རྟགས་མ་རྩོད་རྒྱུ་མིན་པ་སྟེ། ཀྲུང་གོའི་རུ་ཁག་གི་ཀྲའོ་ཧྲང་དང་ཐེ་ལན་རུ་ཁག་གི་ཕཱ་ལཱ་ནན་གཉིས་ཀ་མཉམ་དུ་བུད་མེད་ཀྱི་རྐྱང་རྒྱག་གི་ཨང་གསུམ་པ་ཡིན་པ་དང་། ཀྲུང་གོའི་རུ་ཁག་གི་ཞུའེ་ཧྥེ་དང་ཀྲུང་གོའི་ཐའེ་པེ་རུ་ཁག་གི་དབྱང་ཅཱ་ཨན་གཉིས་ཀ་མཉམ་དུ་སྐྱེས་པའི་རྐྱང་རྒྱག་གི་ཨང་གསུམ་པ་ཡིན་པ་རེད། 
     སྐབས་འདིའི་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་འགྲན་མཇུག་འགྲིལ་བ་དང་། འགྲན་བསྡུར་ཉིན་8བྱས་པར་གསེར་གྱི་རྟགས་མ་7ཐོན་ཡོད་པ་རེད། 
འདི་ནི་ཁྲེང་ཏུའུ་རུ་འཚོགས་པའི་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་བུད་མེད་ཀྱི་རྐྱང་རྒྱག་གི་མཐའ་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པ་ཆན་ཐེན་དབྱི་བསྡུར་གྲངས་4∶3གྱི་ཐོག་ནས་རི་པིན་གྱི་བདམས་ཐོན་པ་ཁྲུའུ་ཙེ་ཤིན་ཅཱ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ།