འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་དམངས་གོང་དུ་བཀུར། འགན་འཁྲི་དང་དུ་བླངས།

—— བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་འབྲུབ་འགོག་གེགས་སེལ་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་07ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཉིན་ཤས་བསྟུད་མར། ཕྱོགས་ཚང་མའི་སྟོབས་ཤུགས་ཛ་དྲག་ངང་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་བསྒྲིལ་ནས་གེགས་བར་བྱུང་བའི་མང་ཚོགས་འོས་འཚམ་ངང་གནས་སྤོ་དང་བཀོད་སྒྲིག་བྱས་པ་མ་ཟད། དུས་ཚོད་དམ་འཛིན་གྱིས་སྐྱོན་ཤོར་བའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཤིང་། འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་གྱི་གེགས་བར་བྱུང་བའི་མང་ཚོགས་གནས་སྤོ་བཞིན་པ།
ཉིན་ཤས་བསྟུད་མར། ཕྱོགས་ཚང་མའི་སྟོབས་ཤུགས་ཛ་དྲག་ངང་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ལ་བསྒྲིལ་ནས་གེགས་བར་བྱུང་བའི་མང་ཚོགས་འོས་འཚམ་ངང་གནས་སྤོ་དང་བཀོད་སྒྲིག་བྱས་པ་མ་ཟད། དུས་ཚོད་དམ་འཛིན་གྱིས་སྐྱོན་ཤོར་བའི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཤིང་། འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ཧོ་པེ་ཞིང་ཆེན་ཀྲུའོ་ཀྲོའུ་གྲོང་ཁྱེར་གྱི་གེགས་བར་བྱུང་བའི་མང་ཚོགས་གནས་སྤོ་བཞིན་པ། 
     ལིའུ་དབྱི། ཕེང་པིན་ཅེ། ཀྲའོ་ཝན་ཀྲུའུ།
     ★ ཟླ་7ཚེས་31ཉིན་གྱི་ཐོ་རེངས་སུ། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཞིག་གིས་བཏང་བའི་དཔོན་དམག་2000ཆུ་ཚོད་གཉིས་པ་ཙམ་ལ། པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ལིའུ་ལི་ཧོ་གྲོང་རྡལ་ཉེ་འགྲམ་གྱི་ཆུ་ལམ་དུ་འབྱོར་མ་ཐག་ཆུ་ལམ་དམའ་སར་འཕྲལ་མར་ཆུ་རགས་བརྒྱབ་སྟེ་ཆུ་ལོག་འགོག་ཐབས་བྱས།
     ★ དེ་དང་ཆབས་ཅིག ཧོ་པེ་ཞིང་ཆེན་ཀའོ་པེ་ཏན་གྲོང་ཁྱེར་པའེ་ཀོའུ་ཆུ་བོ་ལས་འགན་སྒྲུབ་ཁུལ་དུ། དབུས་རྒྱུད་འཐབ་ཁུལ་སྐམ་དམག་འབུམ་ཤོག་82པའི“ལྕགས་དམག་ལུའེ”ཡི་དཔོན་དམག་ཚོས་དྲག་ཆར་དང་འདམ་རྫབ་ཁྲོད་རྩྭ་རས་ནང་བྱེ་མ་བླུགས་ནས་ཆུ་རགས་བརྟན་དུ་བཏང་བ།
     ★ སློབ་མ་ཞིག་གིས“དྲག་ཆས་ཉེན་རྟོག་དཔོན་དམག་མཐོང་མ་ཐག་ངའི་མིག་གཉིས་རང་དབང་མེད་པར་མཆི་ཞག་གིས་བཀང་སོང”ཞེས་བཤད།
     ★ དམག་དཔོན་ཝང་ཕུང་གིས“སེམས་ཁྲལ་བྱེད་མི་དགོས། ང་ཚོས་ཚང་མ་སྐྱབས་ཆོག”ཅེས་བཤད།
     ★ རུ་དཔོན་གཞོན་པ་ཀྲོའུ་ཤིན་གྱིས“ཏང་ཡོན་ཚང་མ་སྔོན་ལ་ང་དང་མཉམ་དུ་ཤོག”ཅེས་བཤད།
     དབུས་རྒྱུད་འཐབ་ཁུལ་མཁའ་དམག་ས་ཐོག་འཕུར་མདེལ་དཔུང་སྡེ་ཞིག་གི་ཏང་ཡོན་18ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གིས་ཉིན་4དང་མཚན་མོ་3བསྟུད་མར་འབད་འཐབ་བྱས།
     ཉིན་ཤས་བསྟུད་མར། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་འབྲུབ་འགོག་གེགས་སེལ་གྱི་ཛ་དྲག་ལས་དོན་ལ་ཞུགས་ཏེ་འབྲེལ་བ་ཆད་པ་དང་ཉེན་གྱར་མི་སྣ་སྐྱོབ་པའི་ལས་ལ་གཞོལ་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད།
     རྒྱ་མཚོའི་རླུང་འཚུབ“ཏུའུ་སུའུ་རུའེ”ཡི་ཤུགས་རྐྱེན་དབང་གིས། ཧྭ་པེ་དང་ཧོང་ཧོའེ་སོགས་སུ་དྲག་ཆར་བབས་པ་དང་། ཧོ་པེའི་ས་ཁུལ་ཕལ་ཆེ་བ་དང་པེ་ཅིང་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད།
     འབྲུབ་འགོག་ནི་བཀའ་རྒྱ་ཡིན། ཟླ་7ཚེས་31ཉིན་གྱི་ཐོ་རེངས་སུ། དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཞིག་གིས་བཏང་བའི་དཔོན་དམག་2000ཆུ་ཚོད་གཉིས་པ་ཙམ་ལ། པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ལིའུ་ལི་ཧོ་གྲོང་རྡལ་ཉེ་འགྲམ་གྱི་ཆུ་ལམ་དུ་འབྱོར་མ་ཐག་ཆུ་ལམ་དམའ་སར་འཕྲལ་མར་ཆུ་རགས་བརྒྱབ་སྟེ་ཆུ་ལོག་འགོག་ཐབས་བྱས།
     དེ་དང་ཆབས་ཅིག་ཧོ་པེ་ཞིང་ཆེན་ཀའོ་པེ་ཏན་གྲོང་ཁྱེར་པའེ་ཀོའུ་ཧོ་ལས་འགན་སྒྲུབ་ཁུལ་དུ། དབུས་རྒྱུད་འཐབ་ཁུལ་སྐམ་དམག་འབུམ་ཤོག་82པའི“ལྕགས་དམག་ལུའེ”ཡི་དཔོན་དམག་ཚོས་དྲག་ཆར་དང་འདམ་རྫབ་ཁྲོད་རྩྭ་རས་ནང་བྱེ་མ་བླུགས་ནས་ཆུ་རགས་བརྟན་དུ་བཏང་།
     མི་དམངས་གོང་དུ་བཀུར། འགན་འཁྲི་དང་དུ་བླངས།
     འདི་ནི་མི་རྣམས་བློ་བདེ་བའི་དམ་བཅའ་ཞིག་ཡིན།
     “དྲག་ཆས་ཉེན་རྟོག་དཔོན་དམག་མཐོང་མ་ཐག་ངའི་མིག་གཉིས་རང་དབང་མེད་པར་མཆི་ཞག་གིས་བཀང་སོང”ཞེས་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཞིག་གིས་དེ་ལྟར་བཤད། སློབ་མ་དེ་དབྱར་གསེང་སྐབས་ནང་སོག་ཏུ་སྤྱི་ཚོགས་ལག་ལེན་ལ་ཞུགས་རྗེས་མེ་འཁོར་K396ལ་བསྡད་དེ་ཁྱིམ་དུ་ལོག་པའི་ལམ་བར། ཆུ་ལོག་གི་གནོད་འཚེ་འཕྲད་ནས་མེ་འཁོར་ནང་གི་འགྲུལ་པ་དང་མེ་འཁོར་གྱི་ལས་དོན་མི་སྣ་ཁྱོན་900ལྷག་ཙམ་པེ་ཅིང་མོན་ཐོའུ་ལུང་ཤུར་ཁུལ་དུ་ལུས།
     “སེམས་ཁྲལ་བྱེད་མི་དགོས། ང་ཚོས་ཚང་མ་སྐྱབས་ཆོག” ཅེས་དྲག་ཆས་ཉེན་རྟོག་པེ་ཅིང་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཞིག་གི་ཚན་མོའུ་ཀྲང་ཝང་ཕུང་གིས་བཤད། ཟླ་8ཚེས་1ཉིན་དྲག་ཆས་ཉེན་རྟོག་དཔོན་དམག་40ལྷག་ཙམ་ལས་གྲུབ་པའི་སྔོན་སྐྱོད་དཔུང་སྡེའི་དཔོན་དམག་ཚོས་ཕྲག་ཏུ་རྒྱ་མ་བརྒྱ་ཙམ་ཡོད་པའི་དངོས་ཟོག་འཁྱེར་ཏེ་ཆུ་ཚོད་4ལྷག་ཙམ་རྐང་ཐང་མར་སྤྱི་ལེ་12སའི་མེ་འཁོར་དཀའ་ངལ་འཕྲད་སའི་ཕྱོགས་སུ་སྐྱོད། ཕྱིས་སུ་ཡོང་མཁན་དྲག་ཆས་ཉེན་རྟོག་དཔོན་དམག་500ལྷག་ཙམ་ཡང་འཕྲལ་དུ་འབྱོར་ནས་མཚན་མོ་དེ་རང་དུ་འགྲུལ་པ་ཚང་མ་སྐྱོབ་པའི་ལས་ལ་གཞོལ།
     ཚེས་3ཉིན་གྱི་ཐོ་རེངས་སུ། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་མེ་འཁོར་ནང་གི་འགྲུལ་པ་ཚང་མ་བསྐྱབས་ཐུབ་པ་བྱུང་ཡོད།
     འདི་ནི་དཀའ་ངལ་ཁྱད་བསད་ཀྱི་ཆོད་སེམས་ཡིན།
     ཟླ་8ཚེས་2ཉིན་གྱི་ཕྱི་དྲོར། དབུས་རྒྱུད་འཐབ་ཁུལ་སྐམ་དམག་འབུམ་ཤོག་82པའི་ལུའེ་ཞིག་གི་མྱུལ་ཞིབ་ཚོགས་ཆུང་གི་དཔོན་དམག་མདུན་ཕྱོགས་སུ་སྐྱོད་པའི་ལམ་བར་དུ། གཞུང་ལམ་གཡོན་ཆུས་བསྣུབས་པ་དང་མདུན་ན་རི་ཉིལ་ནས་ལམ་བཀག་ནས་ཡོད།
     “མདུན་དུ་ད་དུང་གྲོང་ཚོ་20ལྷག་ཙམ་ཡོད། མི་སེར་ཚོས་ང་ཚོ་སྒུག་ནས་བསྡད་ཡོད། ཏང་ཡོན་ཚང་མ་སྔོན་ལ་ང་དང་མཉམ་དུ་ཤོག”ཅེས་མྱུལ་ཞིབ་ཡིང་གི་རུ་དཔོན་གཞོན་པ་ཀྲོའུ་ཤིན་གྱིས་ཚིག་ཐག་ཆོད་པོས་བཤད།
     གཡས་ཕྱོགས་ཀྱི་གཡང་གཟར་རྒྱུད་དཔོན་དམག་ཚོས་མཁོ་ཆེ་བའི་སྒྲིག་ཆས་འཁུར་ཏེ་བརྡ་རྟགས་མེད་པའི་ཁུལ་དུ་མུ་མཐུད་མདུན་སྐྱོད་བྱས། འབྲེལ་ཆད་གྲོང་ཚོར་འབྱོར་རྗེས། ཁོང་ཚོས་འཕྲལ་དུ་གནས་ཚུལ་མཐིལ་རྟོགས་དང་དུས་ཐོག་ཏུ་དཔུང་སྡེར་ཆ་འཕྲིན་བཏང་ནས་དངོས་ཟོག་སྐྱེལ་བ་དང་མི་སྣ་སྤོ་བདེ་ཡོང་བའི་གྲ་སྒྲིག་བྱས།
     འདི་ནི་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་བྱ་སྤྱོད་ཅིག་ཡིན།
     དབུས་རྒྱུད་འཐབ་ཁུལ་མཁའ་དམག་ས་ཐོག་འཕུར་མདེལ་དཔུང་སྡེ་ཞིག་གི་ཏང་ཡོན་18ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་གིས་ཉིན་4དང་མཚན་མོ་3བསྟུད་མར་འབད་འཐབ་དང་། དབུས་རྒྱུད་འཐབ་ཁུལ་སྐམ་དམག་འབུམ་ཤོག81པའི་ལུའི་ཞིག་སྦྱོང་བརྡར་བྱ་ཡུལ་ནས་ཧོ་པེ་ཞིང་ཆེན་ཀྲུའོ་ལུའུ་རྫོང་དུ་བསྐྱོད་དེ་ཉིན་མཚན་བསྟུད་མར་གཞུང་ལམ་མྱུར་བཟོ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེས་སྨན་བཅོས་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་བཏང་ནས་རྨས་མ་སྐྱོབ་བཅོས་བཅས་བྱས་ཡོད།
     པེ་ཅིང་བདེ་སྲུང་ཁུལ་གྱིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་རྒྱལ་སའི་ཡུལ་དམག་ཁྲི་1.8ལྷག་ཙམ་གེགས་སེལ་གྱི་འཐབ་ས་དང་པོར་བཏང་བ་དང་། ཐེན་ཅིན་ཉེན་ཟོན་བདེ་སྲུང་དམག་ཁུལ་གྱིས་གྲོས་འདོན་ཡི་གེ་བཏང་ནས་ཡུལ་དམག་མི་ཐེངས་3000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཡུང་ཏིང་གཙང་པོ་དང་པེ་ཡུན་གཙང་པོ་སོགས་ཆུ་ལོག་ཐོན་སར་ཆུ་རགས་བརྟན་དུ་གཏོང་བ་དང་། མང་ཚོགས་གནས་སྤོ། དངོས་རྫས་སྐྱེལ་བ་སོགས་ཀྱི་ལས་དོན་སྒྲུབ་པ། ཧོ་པེ་ཞིང་ཆེན་དམག་ཁུལ་ཁང་གིས་ཆུ་ལོག་ཐོན་སའི་ལས་ཡུལ་དུ་བཀོད་འདོམས་པུའུ་བཙུགས་ནས་ཡུལ་དམག་4000ཙམ་སྒྲིག་འཛུགས་བྱས་ཏེ་ས་གནས་6ཏུ་བསྐྱོད་ནས་ཉེན་འགོག་གེགས་སེལ་དང་མང་ཚོགས་གནས་སྤོ་བྱས་ཡོད།
     (པ་སངས་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)