འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སེམས་ལ་ཟུག་ཅིང་དོན་ལ་འཁྱོལ། བསམ་སྦྱོར་གཉིས་ལ་མཁས་པར་བྱ།

—— བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལི་ཧའོ་རན།
     “བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་དགོས” ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས། དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་པ་དང་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ངོ་མ་ཐོན་པའི་འགན་ལེན་བྱེད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ནས། “རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པར། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སེམས་ལ་ཟུག་མིན་དང་ཏང་ཡོན་ལས་བྱེད་པས་བསམ་བློ་གཏོང་མཁས་པོ་དང་བེད་སྤྱོད་མཁས་པོ་ཐུབ་མིན་ལ་བལྟ་དགོས”ཞེས་གསུངས་པ་རེད། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་ཞིང་དྲང་གཞག་ངང་དཔྱད་དཔོག་བྱེད་པ་ནི་ལྟ་སྐུལ་ནུས་ལྡན་ཞིག་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ངེས་པར་དུ་ལག་ལེན་གྱི་ཕན་འབྲས་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས། ཕྱོགས་འདིའི་ཐད་ནས། ལྷག་པར་དུ་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
     སེམས་ལ་ཟུག་པ་ཞིག་བྱས་ན། གཞི་ནས་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་དུ་གཏོང་ཐུབ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ཕྱོགས་ཡོངས་ལ་གཡེང་མི་རུང་བར་འགག་རྩ་ནི་སེམས་ལ་ཟུག་པར་བྱ་རྒྱུ་དེ་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློར་ཞུན་བརྡར་སྤྲས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཀྱི་སྣེ་ཁྲིད་འོག ཨན་ཧུའེ་དང་ཀྲེ་ཅང་ཞིང་ཆེན་གཉིས་ཀྱིས《ཨན་ཅང་གསར་པ་དང་གླིང་ཕྲན་དང་མཚེའུ་སྟོང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ཀྱི་དཔེ་མཚོན་ཁུལ་ཐུན་མོང་ཐོག་བསྐྲུན་རྒྱུའི་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས། ས་ཁོངས་མཉམ་འགུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ“གསེར་རི་དངུལ་རིར”འགྱུར་ལྡོག་འགྲོ་བར་དེ་བས་རང་རྟོགས་ངང་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། པེ་ཅིང་དང་ཐེན་ཅིན་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་200ལྷག་ཙམ་གྱིས་ཧོ་པེའི་སློབ་གྲྭ་273དང་ས་ཁོངས་ལས་བརྒལ་བའི་མཉམ་ལས་སློབ་གཉེར་བྱས་པ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་7000ལྷག་ཙམ་གྱིས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྒོ་བསྟེན་སྨན་ཁང་དཀྱུས་མའི་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་བྱུང་བ། བསམ་ཇུས་གཅིག་དང་སེམས་པ་གཅིག་ལ་བརྟེན་ནས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་བཏང་བས་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་པ་མ་ཟད། ས་ཁུལ་གསུམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་གྱི་སེམས་པ་དེ་བས་ཆེ་རུ་ཕྱིན་ཡོད། ལག་ལེན་ལས། རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་བ། ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ན། གཞི་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ངོ་མ་རྟོགས་ཐུབ་པ་དང་། དད་མོས་ཀྱི་རྨང་གཞི་བརྟན་འཛུགས་དང་། སྙིང་སྟོབས་ཀྱི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་བཟུང་བཅས་ཐུབ་ངེས་ཡིན་པ་ང་ཚོར་གསལ་བཤད་བྱས་ཡོད།
     བསམ་བློ་གཏོང་མཁས་པོ་དང་བེད་སྤྱོད་མཁས་པོ་བྱས་ན། གཞི་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་ཟམ་པ་སྐྲུན་ཐུབ། སློབ་སྦྱོང་བྱེད་སྐབས་བསམ་གཞིག་མ་བྱས་ན་འབྲས་བུ་གང་ཡང་ཐོབ་མི་སྲིད། བསམ་གཞིག་བྱེད་རྒྱུ་ནི་སློབ་སྦྱོང་གི་བླ་སྲོག་རེད། “ཀྲུང་གོའི་ཁྱད་ཆོས་ཀྱི་འགག་རྩ་ནི་ཟུང་འབྲེལ་གཉིས་ལ་ཐུག་པའི”རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ལག་ལེན་གྱི་གཏན་ཚིགས་ལ་གོ་བ་ཇི་ལྟར་ལེན་དགོས་སམ། ཇི་ལྟར་བྱས་ནས་ཡུལ་བབ་དང་བསྟུན་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་བྱེད་པར“སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩི་དགོས་སམ” “བསམ་བློ”ནི་སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས། བསམ་བློ་མང་ཙམ་བཏང་ནས“སློབ་སྦྱོང་བྱེད་སྟངས་རྣམ་པ་ཙམ་བྱེད་པ་དང་བཟོ་ལྟ་ཙམ་སྟོན་པ”དང་། “སློབ་སྦྱོང་བརྒྱུད་རིམ་མེད་པ་དང་གཏིང་ཟབ་མེད་པ”སོགས་ཀྱི་གནད་དོན་ཁྱད་བསད་ནུས་ལྡན་བྱས་ན། གཞི་ནས་དངོས་གནས་དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་ཐུབ། སློབ་སྦྱོང་ཕན་འབྲས་ཐོན་པ་ཞིག་བྱེད་པའི་རྩ་བ་ནི་ལག་ལེན་ལ་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་བཞིན་ཡོད། དུས་རབས་གསར་པ་ཤར་ཚུན། “འབད་འཐབ་པ”རྟགས་ཅན་གྱིས་སྨི་ཁྲི་ཡི་མཚོར་འཛུལ་དང་། “བསྐྱར་དར་རྟགས་ཅན”ཀྲུང་གོའི་ས་ཕྱོགས་གང་སར་སྐྱོད་པ། “བར་སྣང་ཁྱིམ་ཚང”མཁའ་དབྱིངས་སུ་སྐྱོད་པ་ལ་སོགས་རང་རྒྱལ་འཕེལ་རྒྱས་ཀྱི་རང་ཚུགས་རང་བཞིན་དང་། རང་བརྟེན་རང་བཞིན། བདེ་འཇགས་རང་བཞིན་བཅས་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་ཕྱིན་ཡོད། སློབ་སྦྱོང་གི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུ་ཁོ་ནར་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུར་ཡང་ཐུག་ཡོད། དེའི་ཁྲོད་ནས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། དེའི་ཁྲོད་དུ་འདུས་པའི་འགོ་ཁྲིད་བྱེད་སྟངས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་སྟངས་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ན། གཞི་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་རྗེས་གཏོད་ཐུབ་ངེས་རེད།
     “ང་ཚོའི་ལས་བྱེད་པ་དང་། ཏང་། རྒྱལ་ཁབ། མི་རིགས་བཅས་ཡར་རྒྱས་ཡོང་བར་བྱེད་དགོས་ན་ངེས་པར་དུ་སློབ་སྦྱོང་བྱེད་སྲོལ་རབ་ཏུ་དར་བ་བྱས་ནས་སློབ་སྦྱོང་དང་སློབ་སྦྱོང་། སླར་ཡང་སློབ་སྦྱོང་མཐའ་འཁྱོངས་དང་། ལག་ལེན་དང་ལག་ལེན། སླར་ཡང་ལག་ལེན་མཐའ་འཁྱོངས་བྱེད་དགོས”ལོ་རྒྱུས་དང་དོན་དངོས་ལས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་བྱས་མེད་ཚེ། བསམ་བློ་གཅིག་གྱུར་བྱེད་པར་རྨང་གཞི་མེད་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པ་གསལ་པོར་མཚོན་ཡོད། འབད་འབུངས་མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་བྱས་ཚེ་ཏང་གི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལས་དོན་ལ་དྲག་ཆས་སྤྲོས་པར་ངེས་པར་དུ་རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་ཏུ་གཏོང་དགོས། སེམས་ནུས་ཡོད་རྒུ་དང་སྙིང་རུས་བརྟན་འཁྱོངས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་བཀོལ་སྤྱོད་ཐོག་མཐའ་བར་གསུམ་དུ་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་གཏིང་ཟབ་པ་དང་། སེམས་ནང་ཟུག་ཐུབ་པ། འགྱུར་ལྡོག་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་ཕན་འབྲས་ངོ་མ་ཐོན་པར་བྱས་ཏེ། དུས་རབས་གསར་པའི་འབད་འཐབ་པ་ཚོའི་དོན་གཉེར་བྱེད་ས་གཙོ་བོ་ཞིག་ལ་འགྱུར་བར་བྱེད་དགོས།
     “ཆེས་གཞི་རྩར་གྱུར་པའི་འཇོན་ཐང་ནི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཡིན་པ”བློ་ལ་བརྟན་པོར་ངེས་ནས“མར་ཁེ་སི་རིང་ལུགས་ནི་དཔེ་ཁང་ནང་གི་ཤེས་བྱ་ཙམ་མིན་པ”རྟག་ཏུ་བསམ་གཞིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཚན་རིག་དང་མཐུན་བཞིན་དྲང་གཞག་ངང་དཔྱད་དཔོག་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁ་དང་གཟི་བརྗིད་རླབས་པོ་ཆེ་སྔར་བས་ཐོབ་ངེས་རེད།
     (ཉི་དོན་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)