འཚོལ་བཤེར།   
藏文频道
2023ལོའི་ཟླ་8ཚེས་4ཉིན།

༄༅།།རྒྱལ་ཁབ་སྤྱི་གླིང་ཁག་དང་པོའི་སྲུང་སྐྱོང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་04ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་དུས་ཚིགས་གསུམ་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྤྱི་གླིང་ཁག་དང་པོའི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོང་ཡག་པོ་བྱུང་ནས་རྩྭ་རྩི་ཤིང་རིགས་ཀྱི་གྲངས་འབོར་སླར་གསོ་ཐུབ་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ནགས་ཚལ་དང་རྩྭ་ར་ཁེབས་ཚད་74%ཡན་ཟིན་པ་དང་། གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་ཁྲི་7ལྷག་ཙམ་བར་སླར་གསོ་ཐུབ་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གིས་རི་སྐྱེས་དོམ་ཁྲ་70%ཡན་སྲུང་སྐྱོབ་བྱས་ནས་ས་ཁོངས་རིགས་ཁྱུའི་སྐྱེ་ཁམས་བར་ཁྱམས་13བཟོས་པ་དང་། བྱང་ཤར་སྟག་གཟིག་གི་རྒྱལ་ཁབ་སྤྱི་གླིང་གི་ཉེ་རིགས་གཙོ་བོའི་གྲངས་འབོར་རྒྱུན་མཐུད་འཕར་ནས་རི་སྐྱེས་བྱང་ཤར་སྟག་50དང་བྱང་ཤར་གཟིག་60སོ་སོར་འཕར་ཡོད། ཧའེ་ནན་ཚ་ཁུལ་ནགས་གསེབ་རྒྱལ་ཁབ་སྤྱི་གླིང་གིས་ནགས་གསེབ་ཏུ་སྤྲ་རིགས་སྲུང་སྐྱོབ་དང་སླར་གསོ་ཡོང་བར་ཤུགས་སྣོན་བརྒྱབ་ནས་ཧའེ་ནན་གྱི་སྤྲ་ལག་རིང་མའི་རིགས་ཁྱུའི་གྲངས་འབོར་དེ་རིགས་ཁྱུ་6དང་གྲངས་འབོར་37བར་སླར་གསོ་བྱུང་ཡོད། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཉེ་བའི་ལོའི་ནང་ནགས་གསེབ་སྦལ་ནག་དང་ཧྥུའུ་ཅན་གྱི་སྡོང་ཕུང་སོགས་ཀྱི་རིགས་གསར་པ་17ཤེས་རྟོགས་བྱུང་བ་རེད།