༄༅།།ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཁའེ་ཕུའུ་ཞིང་ཆེན་དུ་རང་ལྕེབས་རྣམ་པའི་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་པར་
ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨའར་ཝེར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
——ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པཱ་ཙེར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 08ཚེས་03ཉིན། 13:03】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་རང་ལྕེབས་རྣམ་པའི་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐོན་པར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨའར་ཝེར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་སྐུ་ཉིད་རྒྱལ་ཁབ་ཀྱི་ཁའེ་ཕུའུ་ཞིང་ཆེན་དུ་རང་ལྕེབས་རྣམ་པའི་འབར་གས་འཇབ་རྒོལ་གྱི་དོན་རྐྱེན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་གློ་བུར་དུ་ཤེས་རྟོགས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་མ་ཟད། རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མར་ཡང་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་བྱེད་ཐབས་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན་ལ། འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་ཡང་གཏོང་རྒྱུ་མ་ཟད། ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞིར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ས་ཁུལ་འདི་ག་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཤ་པཱ་ཙེར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
