འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་བཅུ་ཆ་དགུ་ཙམ་ལ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་བསྒར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 08ཚེས་02ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན་འཚོགས་པའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་5931ལ་གློག་གསོག་སྒྲིག་ཆས་བསྒར་ཞིང་། དེས་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་སྤྱི་ཡོངས་ཀྱི་89.48%བཟུང་ཡོད།
     འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཧྲེང་གིས་ཡོངས་བསྒྲཌ་ཚོཌ་འདུའི་ཐོག་མིག་སྔར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་དུ་རིམ་རྩིས་བྱས་ན་གློག་གསོག་སྒྲིག་ཆས་ཁྲི་1.859བསྒར་ཡོད་པ་དེས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་རླངས་འཁོར་འཇོག་ས་ཁྲི་2.9ལ་ཁྱབ་ནས་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་དང་། འདི་ལོའི་དུས་ཆེན་དང་གུང་གསེང་རིང་གི་འགན་ལེན་གནས་ཚུལ་ལ་བལྟས་ན། ས་གནས་ཁག་གི་ཞབས་ཞུའི་ཁུལ་དུ་གློག་གསོག་པར་བང་སྒྲིག་གི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།
     ཀུའོ་ཧྲེང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་གྱི་གློག་གསོག་སྒྲིག་ཆས་གཙོ་གནད་དུ་བཟུང་ནས“སྔོན་བརྒལ་འཚམ་པོའི”རྩ་དོན་གཞིར་བཟུང་། གཞུང་ལམ་རྒྱུད་ཀྱི་ཞབས་ཞུའི་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་སྒུལ་རླངས་འཁོར་གྱི་གློག་གསོག་དགོས་མཁོ་ནུས་ལྡན་ངང་བསྐངས་ནས་སྤྱི་དམངས་སྟབས་བདེའི་ངང་འགྲོ་སྐྱོད་ཐུབ་པར་ཞབས་འདེགས་ཞུ་ཡི་ཡིན་ཞེས་བཤད།