འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་
བཞི་པ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་27ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེས་ཁྲིམས་ཀྱི་བཟོ་བཅོས་མ་ཟིན(བཅུ་གཉིས)གྱི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་ཝང་དབྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ དང་ཧྥན་ཀུང་ཧྲེང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ལ་བསྐོ་གཞག་བྱེད་རྒྱུའི་གཏན་འཁེལ་བྱས་པ།
    ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པ་ཚེས་25ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཆིན་ཀང་གིས་འགན་གཅིག་ལྕོགས་བཞེས་པའི་ཕྱི་འབྲེལ་པུའི་པུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་། ཝང་དབྱི་ཕྱི་འབྲེལ་པུའི་པུའུ་ཀྲང་ལ་བསྐོ་གཞག་བྱེད་རྒྱུ། དབྱི་ཀང་གི་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ། ཧྥན་ཀུང་ཧྲེང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་ལ་བསྐོ་གཞག་བྱེད་རྒྱུ་བཅས་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་8པར་མཚན་རྟགས་བཀོད་གནང་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཚེས་25ཉིན་གྱི་སྔ་དྲོར། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་170ཚོགས་འདུར་ཞུགས་ཡོད་པ་དང་ཚོགས་འདུར་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ལྐོག་རྔན་སྤྲོད་པ་སྔོན་འགོག་དང་ཆད་གཅོད་སོགས་ཉེས་གསོག་གི་ལག་ལེན་གྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ཨུ་ཡོན་ཀྲང་གི་ཚོགས་འདུར་ཉེས་ཁྲིམས་ཀྱི་བཟོ་བཅོས་མ་ཟིན(བཅུ་གཉིས)གྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཞིང་། འཆར་ཟིན་གྱིས་རུལ་སུངས་ལ་ངོ་རྒོལ་དང་དམངས་གཉེར་ཁེ་ལས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པའི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་ལ་དམིགས་ཏེ། ཉེས་ཁྲིམས་ཚད་ལྡན་ཡོང་བ་འགན་སྲུང་དང་ཁྲིད་སྟོན་སྐུལ་འདེད་ཀྱི་ནུས་པ་སྤྱི་འདོམས་ངང་འདོན་སྤེལ་ཡག་པོ་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལག་ལེན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། མ་ལག་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བསམ་བློ་མཐའ་འཁྱོངས་བྱས་ནས་ཆད་པ་གཅོད་ཡུལ་དང་དེའི་བྱ་སྤྱོད་ལ་སྟངས་འཛིན་མི་འཕྱུགས་པ་བྱེད་པ་བཅས་བྱས་ཡོད། ད་དུང་འཆར་ཟིན་གྱིས་ལྐོག་རྔན་སྤྲོད་པ་དང་དམངས་གཉེར་ཁེ་ལས་ནང་ཁུལ་གྱི་མི་སྣའི་རུལ་སུངས་ཀྱི་འབྲེལ་ཡོད་ཉེས་གསོག་གི་གཏན་འབེབས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། ཨུ་ཡོན་ཀྲང་གི་ཚོགས་འདུའི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་ཁྲུན་ཡའོ་ཡིས་གསལ་བཤད་གནང་བ་རེད།
    ཚོགས་འདུས་ད་དུང་གོ་གནས་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་རེད།
    ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་རྗེས་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུ་འཚོགས་པ་རེད།
    ཚེས་25ཉིན་གྱི་ཕྱི་དྲོར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གི་ཚོགས་འདུ་ཐེངས་དགུ་པ་གཙོ་སྐྱོང་གནང་བ་མ་ཟད། འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་ལིའུ་ཆིས་སྙན་སྒྲོན་གནང་བ་རེད།
    ཨུ་ཡོན་ཀྲང་གི་ཚོགས་འདུ་འཚོགས་རྗེས་མཇུག་འགྲིལ་ཚོགས་འདུ་འཚོགས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་169ཚོགས་འདུར་ཞུགས་ཡོད་པ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཚོགས་འདུར་གོ་གནས་བསྐོ་འཐེན་གྱི་གྲོས་གཞིར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏཱ་ཧྥུང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། དེ་བཞིན་དྲུང་ཆེ་ལིའུ་ཆི་ཚོགས་འདུར་ཕེབས་ཡོད་པ་རེད།
    རྒྱལ་དོན་ཨུ་ཡོན་ཝང་ཞའོ་ཧོང་དང་ཝུའུ་ཀྲེང་ལུང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་དབྱིང་ཡུང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་གནང་ཡོད།