འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ལོའི་ལོ་སྟོད་དུ་ས་ངོས་ཆུའི་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་23ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་སྐྱེ་ཁམས་ཁོར་ཡུག་པུས་འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། རྒྱལ་ཁབ་ཀྱི་ས་ངོས་ཆུའི་དཔྱད་ཞིབ་བཅད་ཁ་3641ནང་གི་ཆུ་སྤུས་ལེགས་ཚད(I-IIIརིགས)ཀྱི་བཅད་ཁའི་བསྡུར་ཚད་87.8%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.1འཕར་བ་དང་། སྤུས་ཞན་Vརིགས་ཀྱི་བཅད་ཁ་བསྡུར་ཚད་1.0%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད།
     འབྲི་ཆུ་དང་། རྨ་ཆུ། ཀྲུའུ་ཅང་གཙང་པོ། སུང་ཧྭ་ཅང་གཙང་པོ། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ། ལེའོ་ཧོ་ཆུ་བོ་སོགས་རྒྱུག་ཁུལ་ཆེན་པོ་བདུན་དང་། དེ་བཞིན་ནུབ་བྱང་དང་ལྷོ་ནུབ་ཀྱི་ཆུ་བོ་ཁག ཀྲེ་ཅང་དང་ཧྥུའུ་ཅན་གྱི་ཆུ་བོ་བཅས་ཀྱི་ཆུ་སྤུས་ལེགས་པའི(I-IIIརིགས)བཅད་ཁའི་བསྡུར་ཚད་89.1%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.8འཕར་ཡོད། སྤུས་ཞན་Vརིགས་ཀྱི་བཅད་ཁའི་བསྡུར་ཚད་0.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད་པ་ལས་འབྲི་ཆུ་རྒྱུག་ཁུལ་དང་། ལྷོ་ནུབ་ཀྱི་ཆུ་བོ་ཁག ཀྲེ་ཅང་དང་ཧྥུའུ་ཅན་གྱི་ཆུ་བོ། ཀྲུའུ་ཅང་གཙང་པོ་རྒྱུག་ཁུལ། ནུབ་བྱང་གི་ཆུ་བོ་ཁག་བཅས་ཀྱི་ཆུ་སྤུས་ལེགས་པ། རྨ་ཆུ་དང་། ལེའོ་ཧོ་ཆུ་བོ། ཧོའེ་ཧོ་ཆུ་བོ། ཧའེ་ཧོ་ཆུ་བོ་བཅས་རྒྱུག་ཁུལ་གྱི་ཆུ་སྤུས་ལེགས་པ། སུང་ཧྭ་ཅང་གཙང་པོ་རྒྱུག་ཁུལ་ལ་སྦགས་བཙོག་ཕྲན་བུ་ཕོག་ཡོད།
     ལྟ་ཞིབ་ཚད་ལེན་བྱས་པའི་གཙོ་གནད་མཚོ(མཛོད)208ལས་ཆུ་སྤུས་ལེགས་པའི(I-IIIརིགས)མཚེའུ་མཛོད་ཀྱི་གྲངས་འབོར་དེས་80.3%བཟུང་བ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.1འཕར་ཡོད་པ་དང་སྤུས་ཞན་Vརིགས་ཀྱི་ཆུ་སྤུས་མཚོ་མཛོད་ཀྱི་གྲངས་འབོར་དེས་5.3%བཟུང་ཡོད།