འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་གྲུ་ཨང་བཅུ་དྲུག་པའི་ལས་དོན་མི་སྣས་ཉེ་དུས་གོ་སྐབས་བཙལ་ནས་ལྷ་གྲུ་ནས་དོན་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་21ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པས་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཟླ་5ཚེས་30ཉིན་བར་སྣང་ས་ཚིགས་ཀྱི་ལྷུ་སྒྲིག་གྲུ་ཚང་ལ་བདེ་བླག་ངང་བཅའ་སྡོད་བྱས་ཚུན། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་དོན་མི་སྣས་འཁོར་ལམ་ཐོག་ལས་ཀ་བྱས་ནས་ཉིན་51སོང་བ་དང་། དུས་ཡུན་ཟླ་5ཡི་བར་སྣང་ཚན་ཞིབ་ལས་དོན་གསུམ་ཆ་གཅིག་ཙམ་ལེགས་གྲུབ་ཟིན་པ། བར་སྣང་གི་ཚན་རིག་ཚོད་ལྟའི་ལས་འགན་ཁག་ཏན་ཏིག་དང་བརྟན་པོའི་ངང་སྒྲུབ་ཅིང་། ཉེ་དུས་གོ་སྐབས་བཙལ་ནས་ལྷ་གྲུ་ནས་དོན་རྩིས་ཡོད་པ་རེད།
   ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་དོན་མི་སྣ་ནི་འཇིག་རྟེན་འཕུར་སྐྱོད་བཀོད་འདོམས་པ་དང་། འཇིག་རྟེན་འཕུར་སྐྱོད་ཀྱི་བཟོ་བཀོད་པ། ཐེག་ཁུར་རིགས་གཅིག་མཁས་ཅན་བཅས་རིགས་3གྱི་འཇིག་རྟེན་འཕུར་སྐྱོད་པ་ལས་གྲུབ་པའི་རྣམ་པ་གསར་རྐྱང་གི་ཚོགས་པ་ཞིག་ཡིན་ལ། “རྒྱལ་ཁབ་ཀྱི་བར་སྣང་ཚོད་ལྟ་ཁང”ཕྱོགས་ཡོངས་ནས་བསྐྲུན་རྗེས་བཅའ་སྡོད་བྱས་པའི་འཕུར་སྐྱོད་ཚོགས་ཆུང་ཐོག་མ་དེའང་རེད། དེ་གར་བཅའ་སྡོད་བྱས་པ་ནས་བཟུང་། རྙོག་རྫོབ་ཆེ་བའི་བར་སྣང་གི་ཚན་རིག་ཚོད་ལྟའི་ལས་འགན་ལ་ཕྱོགས་ནས་ཚོ་ཆུང་དེས་མགྱོགས་མྱུར་ཁོར་ཡུག་ལ་གོམས་པར་བྱས་ཏེ་ལས་དོན་སྤེལ་ནས་སྔ་རྗེས་སུ་བར་སྣང་གི་ཚན་རིག་ཚོད་ལྟ་རབ་དང་རིམ་པ་བྱས་པ་རེད།
    མིག་སྔར་ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་པ་དང་། བར་སྣང་ས་ཚིགས་ཀྱི་ལྷུ་སྒྲིག་གྲུ་ཚང་གི་འཁོར་བསྐྱོད་གནས་ཚུལ་བརྟན་པོ་ཡོད་པས་ལྷ་གྲུ་ནས་ཕྱིར་དོན་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།