འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགྲོ་གྲོན་འདི་ལོ་4ལ་སྤྲོད་མི་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་20ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་19ཉིན་གྱི་སྔ་དྲོར། ནོར་སྲིད་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་གཅོག་པ་དང་མེད་པར་བཟོ་བའི་སྲིད་ཇུས་རྒྱུན་མཐུད་དང་ལེགས་སུ་གཏོང་བའི་ཞིབ་ཕྲའི་ནང་དོན་ངོ་སྤྲོད་བྱས་ཤིང་། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་གཅོག་པ་དང་མེད་པར་བཟོ་བའི་སྲིད་ཇུས་2027ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 
    ངོ་སྤྲོད་བྱས་པར་གཞིགས་ན། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་གཅོག་པ་དང་མེད་པར་བཟོ་བའི་སྲིད་ཇུས་ལོ་4ལ་རིང་དུ་གཏོང་རྒྱུ་སྟེ། 2027ལོའི་ཟླ་12ཚེས་31ཉིན་བར་དུས་འགྱངས་བྱ་རྒྱུ་རེད། དེའི་ནང་2024ལོའི་ཟླ་1ཚེས་1ཉིན་ནས་2025ལོའི་ཟླ་12ཚེས་31ཉིན་བར་ཉོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་མེད་པར་བཟོ་རྒྱུ་ཡིན་ཞིང་། རླངས་འཁོར་རེར་དཔྱ་ཁྲལ་མེད་པར་བཟོ་ཚད་སྒོར་ཁྲི་3ལས་མི་བརྒལ་བ་བྱ་རྒྱུ་དང་། 2026ལོའི་ཟླ་1ཚེས་1ཉིན་ནས་2027ལོའི་ཟླ་12ཚེས་31ཉིན་བར་ཉོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་གཅོག་རྒྱུ་ཡིན་ཞིང་། རླངས་འཁོར་རེར་དཔྱ་ཁྲལ་གཅོག་ཚད་སྒོར་ཁྲི་1.5ལས་བརྒལ་མི་ཆོག