༄༅།།ཆུ་སྲིན་50ལྷག་མཚོ་ཁར་ལུས་ནས་ཤི་བ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 07ཚེས་19ཉིན། 15:27】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་16ཉིན། སྣེ་ཁྲིད་ཆུ་སྲིན་50ལྷག་ཙམ་དབྱིན་ཇིའི་སུའུ་ཀེ་ལན་གྱི་ལིའུ་དབྱི་སི་གླིང་ཕྲན་གྱི་མཚོ་གྲམ་ཞིག་ཏུ་བྱེ་ཟུག་བྱུང་བ་དང་། རོགས་སྐྱོབ་མི་སྣ་མཚོ་གྲམ་དེར་འབྱོར་རྗེས། གསོན་པོར་གནས་པའི་ཆུ་སྲིན་10ལྷག་སླར་ཡང་མཚོ་ནང་དུ་འཇུག་ཐབས་བྱས་ན་ཡང་བསྐྱབས་མ་ཐུབ། ཆེད་ལས་མི་སྣས་ཚོད་དཔག་བྱས་པ་ལྟར་ན། མཚོ་རླབས་ཆེན་པོ་འཕྱུར་ནས་ཆུ་སྲིན་དེ་དག་ཆུ་གཏིང་ཐུང་སར་དེད་ཡོང་བས་ཉེན་ཁ་ལས་སྒྲོལ་དཀའ་བར་གྱུར། དེ་ནས་ལས་སྒྲུབ་པས་ཆུ་སྲིན་འཕྲོ་མར་བདེ་བར་འཆི་ཐབས་སྤྱད་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཆུ་སྲིན་55ཤི་བ་དང་། དེ་ནི་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ས་ཁུལ་དེར་བྱུང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་སྲིན་བྱེ་ཟུག་བྱུང་བའི་དོན་རྐྱེན་ཡིན།