འཚོལ་བཤེར།   
藏文频道
2023ལོའི་ཟླ་7ཚེས་18ཉིན།

༄༅།།འདི་ནི་ལོ་50རིང་ཐེངས་དང་པོར་རྙེད་པ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་18ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འདི་ནི་ལོ་50རིང་ཐེངས་དང་པོར་རྙེད་པ་རེད།
   ཉིན་ཤས་གོང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཚན་ཞིབ་ཚོགས་པས་CTབཤེར་འབེབས་དང་3Dབསྐྱར་སྐྲུན་སོགས་ལག་རྩལ་གསར་པ་རབ་དང་རིམ་པ་སྤྱད་དེ། ཀྲོའུ་ཁོའུ་ཏེན་གྱི་གནས་15པའི་འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོའི་ཁྲོད་མིའི་རིགས་ཀྱི་གཙུག་རུས་ཤིག་དབྱེ་འབྱེད་ཐུབ་པ་དང་། འགྱུར་རྡོ་དེ་ཤེས་རྟོགས་བྱུང་བ་དེས་ཀྲོའུ་ཁོའུ་ཏེན་རྗེས་ཤུལ་ལ་མིའི་རིགས་ཀྱི་འགྱུར་རྡོའི་གནས་གསར་པ་ཞིག་བསྣན་ཡོད་པ་རེད།
   གཙུག་རུས་འགྱུར་རྡོ་དེ་ནི་1973ལོར་ཀྲོའུ་ཁོའུ་ཏེན་གྱི་གནས་ཨང་4པར་སོའི་འགྱུར་རྡོ་ཞིག་རྙེད་པའི་རྗེས་ཀྱི་ལོ་50ཡི་རིང་ཀྲོའུ་ཁོའུ་ཏེན་རྗེས་ཤུལ་ཁུལ་དུ་མིའི་རིགས་ཀྱི་འགྱུར་རྡོ་ཐོག་མར་རྙེད་པ་ཞིག་རེད། 
ཐེངས་འདིར་རྙེད་པའི་མ་དཔེ་ནི་མདོག་ཁམ་སེར་ཡིན་པ་དང་། ཡོངས་སུ་འགྱུར་རྡོར་གྱུར་ཡོད་ཅིང་། དེའི་རུས་ལྡེབས་ཀྱི་མཐུག་ཚད་དང་། འཁྱོག་ཚད། རིང་ཐུང་བཅས་ནི་ཀྲུའུ་ཁོའུ་ཏེན་གྱི་ཡར་ལངས་པའི་མིའི་ཀླད་རུས་གཡས་ཀྱི་གཙུག་རུས་དང་ཕལ་ཆེར་འདྲ་པོར་གྲུབ་ཡོད།
   ད་བར། ཀྲོའུ་ཁོའུ་ཏེན་གྱི་རྗེས་ཤུལ་ལས་ཤེས་རྟོགས་བྱུང་བའི་འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོ་ཡོད་ས་20ལྷག་ཙམ་ཡོད་པ་རེད།