འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཏུན་ཧོང་དུ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་18ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
དབྱར་ཁའི་གུང་གསེང་སྐབས། ཡུལ་སྐོར་བས་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ།
དབྱར་ཁའི་གུང་གསེང་སྐབས། ཡུལ་སྐོར་བས་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ། 
     དབྱར་ཁའི་གུང་གསེང་སླེབས་པ་དང་བསྟུན་ནས། ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་གྱི་ཡུལ་སྐོར་བའི་མི་གྲངས་ཀྱང་མང་ནས་མང་དུ་ཕྱིན་ཡོད། ས་གནས་དེ་གའི་མཛེས་ལྗོངས་ཁུལ་གྲགས་ཅན་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་རུ་རྔ་མོང་གི་དྲིལ་བུ་སྙན་ཞིང་འཇེབས་ལ། ཡུལ་སྐོར་བ་མང་པོ་གྲལ་བསྟར་བསྒྲིགས། ཡུལ་ལྗོངས་རི་མོ་ལྟར་མཛེས་ཤིང་ལྟ་ན་སྡུག 
     ཏུན་ཧོང་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཁག་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར། ད་ལོའི་ཟླ་7ཚེས་14ཉིན་བར། མའོ་ཀའོ་བྲག་ཕུག་དང་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་སོགས་མཛེས་ལྗོངས་ཁུལ་ཆེ་གྲས་དྲུག་གིས་ཡུལ་སྐོར་བ་ཁྲི་274.6སྣེ་ལེན་ཞུས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཏུན་ཧོང་གྲོང་ཁྱེར་གྱིས་དུས་གཏན་གནམ་གྲུའི་ལན་གྲངས་མང་དུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་འགྲུལ་རྒྱུན་རིམ་ལྡན་ཡོང་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་མང་དུ་གཏོང་བ། རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་མང་དུས་ལ་ཁ་གཏད་ནུས་ལྡན་བཅག་ནས་ཡུལ་སྐོར་བར་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་ཀྱི་ཡོད། 
【1】  【2】  【3】
དབྱར་ཁའི་གུང་གསེང་སྐབས། ཡུལ་སྐོར་བས་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ།
དབྱར་ཁའི་གུང་གསེང་སྐབས། ཡུལ་སྐོར་བས་མིང་ཧྲ་ཧྲན་གྱི་ཟླ་གམ་མཚེའུ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པ།