འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་བོད་ལྗོངས་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་དབར་གྱི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་རྒྱུན་མཐུད་འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་17ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཟླ་དྲུག་པའི་ཟླ་མཇུག་བར། ཀྲུང་གོའི་བོད་ལྗོངས་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་དབར་གྱི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་དངུལ་འབོར་སྒོར་དུང་ཕྱུར་9.28ཟིན་ནས་དུས་མཚུངས་ལས་34.87%འཕར་བ་དེས་བོད་ཀྱི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་དངུལ་འབོར་གྱི་80.43%བཟུང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་མཐའ་འཁྱོངས་བྱས་ནས་མི་དམངས་ཤོག་སྒོར་རྒྱལ་གྲོལ་བེད་སྤྱོད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་པ་དང་། གྲོང་ཁྱེར་དང་ས་ཁུལ(འགག་སྒོ)ཁག་གི་ལྟེ་བའི་ཉིང་ལག་དངུལ་ཁང་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་ཡུལ་བབ་དང་ཁེ་ལས་ཀྱི་གནས་ཚུལ་ལ་བསྟུན་ནས་ཇུས་གཞི་བཏོན་ཏེ“ཁེ་ལས་རེར་ཇུས་གཞི་རེའི”ཟུར་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གཉེར་སྐྱོང་བྱེད་པོས་མི་དམངས་ཤོག་སྒོར་རྒྱལ་གྲོལ་དུས་རྩིས་རྒྱག་པའི་ཧུར་སེམས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་པ། རྒྱལ་གྲོལ་མི་དམངས་ཤོག་སྒོར་ལས་སྒོའི་སྲིད་ཇུས་དྲིལ་བསྒྲགས་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི“འཇམ་ཤུགས”ཆེ་རུ་བཏང་སྟེ། དོན་དངོས་དང་ཚད་གཞིར་མཐུན་པའི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་ལས་སྒོར“འགག་གནད”མེད་ལ“གཅིག་འཐུས་རྣམ་པའི”དངུལ་རྩའི་ཞབས་འདེགས་སྤུས་ལེགས་ཞུས་པ། རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་ལས་སྒོ“ཐོག་མར་སྒྲུབ་མཁན”རྒྱ་ཆེར་བཏང་བ་དང“ཐོག་མར་སྒྲུབ་མཁན”གྱི་དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་ནས། མི་དམངས་ཤོག་སྒོར་རྒྱལ་གྲོལ་དུས་རྩིས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ། གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཚོང་དོན་མ་འཇོག་སྟབས་བདེ་ཅན་དང་དངུལ་བརྗེའི་འཛའ་ཐང་གི་ཉེན་ཁར་གཡོལ་བ་སོགས་ཐད་ཀྱི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་ནུས་པ་གང་ལེགས་བཏོན་ནས། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་དབར་གྱི་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་ལས་སྒོ་གཉེར་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)