འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་པས་གླ་ཆ་ཆད་པའི་གྱོད་གཞི་སྐབས་བསྟུན་གཙང་སེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་11ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་ནས་གླ་ཆ་ཆད་པའི་གནད་དོན་བཅོས་སྒྲིག་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་ངལ་རྩོལ་པའི་ངལ་རྩོལ་གླ་ཆ་སྒོར་དུང་ཕྱུར་1.13འདེད་ལེན་ཐུབ་ནས་གླ་ཆ་ཆད་པའི་གྱོད་གཞི་བབ་བསྟུན་གཙང་སེལ་བྱུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། གླ་ཆ་ཆད་རིགས་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད། རང་ལྗོངས་ཀྱིས་ཞིབ་འཇུག་བྱས་ནས《གླ་ཆ་ཆད་རིགས་བཅོས་སྒྲིག་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཞིང་པ་ལས་མིར་གླ་ཆ་སྤྲོད་པར་འགན་སྲུང་བྱེད་པའི་ལས་ཀའི་དཔྱད་ཞིབ་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བྱ་ཐབས》སོགས་ཀྱི་སྲིད་ཇུས་ཀྱི་འགན་སྲུང་བྱ་ཐབས་ཁག་30ལྷག་ཙམ་བཏོན་པ་དང་། ལས་ཀའི་ལམ་སྲོལ་ཁག་ལྔ་བཟོས་ནས་བོད་ལྗོངས་ཡོངས་སུ་གླ་ཆ་ཆད་པ་བཅོས་སྒྲིག་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་སྲིད་ཇུས་ཐོག་ནས་འདེགས་སྐྱོར་བྱས་ཤིང་། མི་སྤྱོད་ཚན་པར་ཁྲིམས་སྲུང་ཡིད་རྟོན་གྱི་ABCསོགས་ཀྱི་གདེང་འཇོག་བྱས་ནས་སྤྱི་ཚོགས་ལ་ངལ་རྩོལ་འགན་སྲུང་བཅའ་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཚབས་ཆེན་69ཡོངས་བསྒྲགས་དང་། ཁེ་ལས་20ཡིད་རྟོན་མེད་པར་མཉམ་དུ་ཆད་གཅོད་བསླབས་འདོམས་བྱ་ཡུལ་གྱི་མིང་ཐོར་བཅུག་པ། ཁེ་ལས་102ལ་ཡིད་རྟོན་རིམ་པའི་གདེང་འཇོག་སྐར་མ་བཅག་ནས་དངོས་མིང་འགོད་པའི་ལམ་ལུགས་ལག་བསྟར་བྱས་མེད་པའི་གྱོད་གཞི་174ཁྲིམས་བཞིན་ཐག་གཅོད་བྱས་ནས་དངུལ་ཆད་སྒོར་ཁྲི་806.87བཅད་ཡོད། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་ལས་ཞིང་པ་ལས་མིའི་ཁྲིམས་སྦྱོང་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་གླ་ཆ་ཆད་རིགས་བཅོས་སྒྲིག་བྱེད་པའི་འགན་སྲུང་གི་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ནས“གླ་ཆ་ཆད་མི་ཕོད་པ་དང་། ཆད་མི་རུང་བ། ཆད་མི་འདོད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།