འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་བོད་ལྕགས་ལམ་གྱི་ཕུག་ལམ་འདི་འགྲུབ་ཟིན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་10ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡུན་བོད་ལྕགས་ལམ་གྱི་ཕུག་ལམ་འདི་འགྲུབ་ཟིན།
   ཟླ་7ཚེས་8ཉིན། ལོ་9རིང་གི་ཨར་ལས་བྱས་པ་བརྒྱུད། ཡུན་བོད་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ཧ་པ་གངས་རིའི་ཕུག་ལམ་བསྐྲུན་ཚར་བ་རེད། ད་བར་ཡུན་བོད་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་དུམ་བུའི་ཕུག་ལམ་20ཚང་མ་བསྐྲུན་ཚར་ཏེ་ལྕགས་ལམ་རིང་པོ་འདིང་རྒྱུའི་དུས་མཚམས་སུ་སླེབས་ཤིང་། ལོ་འདིའི་ནང་མེ་འཁོར་ཤར་གཏོང་ཐུབ་རྒྱུར་མཐུན་རྐྱེན་བཟང་པོ་བཏོད་ཡོད་པ་རེད།
   ཧ་པ་གངས་རིའི་ཕུག་ལམ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གནས་པ་དང་། རིང་ཚད་ཧྲིལ་པོར་སྤྱི་ལེ་9.5ཡོད་པ་དང་གཏིང་ཟབ་ཤོས་ལ་སྨི་1155ཟིན་པའི་ཕུག་ལམ་ཆེ་ཤོས་ཡིན་ཞིང་། དེ་ནི་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཡིན་ལ་ལམ་ཐིག་ཧྲིལ་པོར་དཀའ་གནད་དང་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་ཡིན།
༄༅།།ཡུན་བོད་ལྕགས་ལམ་གྱི་ཕུག་ལམ་འདི་འགྲུབ་ཟིན།
༄༅།།ཡུན་བོད་ལྕགས་ལམ་གྱི་ཕུག་ལམ་འདི་འགྲུབ་ཟིན།