འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་སྐོར་གཅིག་སྡུད་
དྲིལ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་10ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་གྱིས“དངུལ་ཁུག་ལ་བདག་པོ་ཡག་པོ་བརྒྱབ་ནས། བདེ་སྐྱིད་འཚོ་བ་སྐྱེལ”ཞེས་པའི་བརྗོད་དོན་གཙོ་བོར་བརྟེན་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་སྐོར་གྱི་གཅིག་སྡུད་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
    བྱེད་སྒོ་སྤེལ་ཡུལ་དུ་ཁོངས་མིའི་ཚན་པ་ཁག་གིས་འགྲེམས་པང་བཀོད་སྒྲིག་དང་། དཔྱད་ཡིག་སྤྲོད་པ། བློ་འདྲིར་ལན་འདེབས་པ། ཡུལ་དངོས་སུ་སྒྲོག་འགྲེལ་སོགས་ལ་བརྟེན་ནས《ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་དང་ཐག་གཅོད་ཀྱི་སྲོལ་ཡིག》གཅིག་སྡུད་དྲིལ་བསྒྲགས་བྱས་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་བྱེད་པའི་འབྲེལ་ཡོད་དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ཀྱི་ཁྱད་ཆོས་དང་། མཚོན་སྟངས། རྒྱུན་སྤྱོད་བྱ་ཐབས། དེ་བཞིན་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་སྤྱོད་ཐེར་འདོན་བྱེད་ཐབས་བཅས་ངོ་སྤྲོད་བྱས་ཡོད། དངུལ་རྩའི་སྒྲིག་གཞི་ཁག་གིས་གྲོང་མིར་དངུལ་ལོར་རྫུན་མ་ངོས་འཛིན་དང་། ཚན་རིག་དང་མཐུན་པའི་རྒྱུ་ནོར་བདག་གཉེར། ཁ་བསླུས་སྔོན་འགོག་སོགས་ཀྱི་དངུལ་རྩའི་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། རྒན་གསོ་དང་། ཞིང་འབྲེལ། ཡུལ་སྐོར་དང་འབྲེལ་བ། རྟོག་བཟོའི་དངུལ་ལོར་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་པའི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་བྱེད་སྒོའི་ཉེན་ཟོན་སློབ་གསོ་སྤེལ་ནས་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་དང་དངུལ་རྩའི་ཁ་བསླུས་ཐད་ཀྱི་གྲོང་མིའི་ངོས་འཛིན་བྱེད་ནུས་དང་། འགོག་ཟོན་གྱི་འདུ་ཤེས། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་སྟེ་གྲོང་ཁྱེར་དེ་ཡོངས་སུ་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་རེད།
   ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་བྱེད་སྒོའི་ནང་སྦྱར་ཡིག་32བཀལ་བ་དང་། LEDའཆར་ཤེལ་ནས་རེས་མོས་ངང་དྲིལ་བསྒྲགས་ཡི་གེ་ཁག་25བཏང་བ། པར་རིས་18བསྟན་པ། འགྲེམས་པང་4བཟོས་པ། དཔྱད་ཡིག་8200ལྷག་སྤྲད་པ། བརྡ་ཁྱབ་700ལྷག་སྦྱར་བ། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་འགོག་ཟོན་གྱི་ཡི་གེ་ཡོད་པའི་ཟོག་ཉོའི་ཁུག་མ་1800ལྷག་དང་། དྲིལ་བསྒྲགས་ལག་དེབ་ཁྲི་2ལྷག ཤོག་ཕོར་ཁྲི་1.6ལྷག་སོགས་སྤྲད་ཅིང་། མི་7000ལྷག་ཙམ་ཞུགས་ཡོད་པ་རེད།