འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དོན་འདི་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་ཆེན་པོ་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་07ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ཀྲུང་གོ་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་ཞོག་ཕུ་གྲོང་ཚོའི་བསྟན་དར་བཞོན་མ་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་ལྗོངས་ཡོངས་ཀྱི“རིག་ལྡན་འབྲོག་ལས་དངུལ་བུན”ཐོག་མ་དེ་བཏང་བ་རེད།
     “རིག་ལྡན་འབྲོག་ལས་དངུལ་བུན”ནི་ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་སུ་ཐོག་མར་ཁྱབ་གདལ་བཏང་ཞིང་། དངུལ་བུན་གཡར་མཁན་གྱིས་སྒོ་ཕྱུགས་གཏའ་མར་བཞག་པའི་གྲངས་འཛིན་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཤིག་རེད། སྒོ་ཕྱུགས་གཏའ་མར་བཞག་པ་དང་རིག་ལྡན་འབྲོག་རར་བརྟེན་ནས་སྒོ་ཕྱུགས་གཏའ་མར་བཞག་པའི་གྲངས་འཛིན་ཅན་གྱི་དབྱེ་འབྱེད་དང་། དོ་དམ། ལྟ་འདོམས་སོགས་བྱས་ཏེ། སྒོ་ཕྱུགས་གསོ་ཚགས་བྱེད་མཁན་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར། ཞིང་དུད་སོགས་གཉེར་སྐྱོང་བྱེད་པོར་བཏང་བའི་ཐོན་སྐྱེད་གཉེར་སྐྱོང་བྱེད་རིང་དངུལ་བུན་གཡར་མཁན་གྱི་ལུགས་མཐུན་མ་དངུལ་གྱི་དགོས་མཁོ་སྐོང་བར་ཆེད་མངགས་སྤྱོད་པའི་དངུལ་བུན་ཞིག་རེད། དེ་དང་ཆབས་ཅིག “རིག་ལྡན་འབྲོག་ལས་དངུལ་བུན”གྱིས་ཞིང་འབྲེལ་རིག་ལྡན་ཁུལ་ལ་བརྟེན་པ་དང་ཐོན་རྫས་དེ་དོན་འཁྱོལ་བྱས་པས་སྒོ་ཕྱུགས་གཏའ་མར་བཞག་པའི་ཐོན་རྫས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་མ་ཟད། གསོ་ཚགས་དུད་ཚང་གི་དངུལ་བུན་གཡར་དཀའ་བ་དང་། མ་རྩ་བསྡུ་སྒྲིལ་དཀའ་བ། ཁག་ཐེག་འཚོལ་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། འབྲོག་ལས་འཕེལ་རྒྱས་ལ་དངུལ་རྩའི་སྒུལ་ཤུགས་བསྣན་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་དངུལ་ཁང་དེས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ལ་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་151བཏང་བ་དང་། ཟླ་6པའི་ཟླ་མཇུག་ཏུ་དངུལ་བུན་གྱི་སྤྱི་འབོར་སྒོར་དུང་ཕྱུར་536ཟིན་པ་དེ་ལོ་གོང་མའི་ལོ་སྟོད་ལས་སྒོར་དུང་ཕྱུར་58མང་དུ་སོང་ནས། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།