འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ་བཏོན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་06ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱིས་འགོ་ཁྲིད་ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པར་སྐུལ་འདེད་གཏོང་བའི་ལག་བསྟར་ཞིབ་སྲོལ》ཞིབ་འཇུག་བྱས་ནས་བཟོས་པ་རེད།
     བོད་ཀྱི་རྩ་འཛུགས་སྡེ་ཚན་གྱིས་ད་ལྟ་འགན་འཁུར་བཞིན་པའི་ལས་གནས་ལ་འཚམ་པོ་མེད་པའི་གནས་ཚུལ་རིགས་26ཞིབ་ཚགས་སུ་བཏང་ནས་བཏོན་ཏེ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་བཏང་ཡོད། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་དམ་པོར་དམིགས་ཏེ། སྔོན་ཐོན་བརྩོན་ལེན་བྱེད་འདོད་མེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་འཇོན་ཐང་ཆེན་པོ་མེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནུས་ལྡན་མི་བྱེད་པ་སོགས་ཀྱི་གནས་ཚུལ་ཁ་སྣོན་བརྒྱབ་ཡོད། ལག་བསྟར་ཞིབ་སྲོལ་ནང“ཞིབ་དཔྱད་གཏན་འཁེལ”གྱི་བརྒྱུད་རིམ་དེ་སྐད་ཆ་དྲིས་ནས་རྒྱུས་ལོན་དང་། ཡུལ་དངོས་སུ་ར་སྤྲོད། ཕྱོགས་བསྡུས་དབྱེ་ཞིབ་བརྡར་གཅོད་བཅས་ལྷུ་ཚིགས་གསུམ་བར་ཞིབ་ཚགས་སུ་བཏང་བ་མ་ཟད། བསྐྱར་ཞིབ་འདུན་ཞུར་བདག་སྤྲོད་བྱེད་པའི་བརྒྱུད་རིམ་དང་ལན་སྤྲོད་དུས་བཀག་གཏན་འབེབས་བྱས་ཏེ་བརྒྱུད་རིམ་ཚད་ལྡན་ལ་བརྟེན་ནས་མཇུག་འབྲས་དྲང་བདེན་ཡོང་བའི་འགན་ལེན་བྱས་ཡོད།
     ལག་བསྟར་ཞིབ་སྲོལ་ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་དེ་བཞིན་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་གསལ་བཟོ་བྱས་པ་དང་། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་སྒྱུར་བཅོས་གསར་གཏོད་ཀྱི་ཧུར་སེམས་ལ་སྲུང་སྐྱོང་བྱས་པ་མ་ཟད། ལས་བྱེད་པའི་འབྲེལ་ཡོད་གསོ་སྦྱོང་སློབ་གསོར་ཤུགས་སྣོན་དང་། རྗེས་སྙེག་དོ་དམ། ཡང་བསྐྱར་བཀོལ་སྤྱོད་བཅས་ལ་བྱ་ཐབས་ཞིབ་ཕྲའང་བཏོན་ཡོད་པ་རེད།