འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་ས་མཐོའི་ནས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་04ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སུ་ཐེངས་དང་པོ་དོན་འཁྱོལ་བྱས་པའི་ནས་རག་གཙོ་གནད་ཞིབ་སྤེལ་རྣམ་གྲངས་ཤིག་ཡིན་པའི་ངོས་ནས། བོད་ཀྱི་ས་མཐོའི་ནས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས་དེ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དུ་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་པ་རེད།
    བོད་ཀྱི་ས་མཐོའི་ནས་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས་སྐྲུན་ཡུལ་དེ་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ཞོ་བདེ་གྲོང་ཚོར་གནས་ཤིང་། རྣམ་གྲངས་ཀྱི་ས་བཟུང་རྒྱ་ཁྱོན་མུའུ་265.54ཙམ་ཟིན་པ་དང་། འཆར་འགོད་ཀྱི་གཞི་ཁྱོན་ནི་ལོ་རེར་ནས་ཀྱི་དྲི་ཞིམ་ཨ་རག་ཏུན་5000དང་ལོ་རེར་ཚོང་ཟོག་ཨ་རག་ཏུན་ཁྲི་1.5ཐོན་སྐྱེད་བྱ་རྒྱུ་དེ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་ཀྱིས“བོད་ཀྱི་ནས་ཀྱི་རྩེར་སོན་ཨ་རག་ཞིབ་བཟོ་དང་ཐོན་ལས་ཅན་གྱི་བེད་སྤྱོད”ཀྱི་ཞིབ་སྤེལ་རྣམ་གྲངས་ལག་ལེན་བསྟར་ཞིང་། 2021ལོར་རང་ལྗོངས་ཀྱི་གནམ་གཤིས་ཆ་རྐྱེན་འོག་ནས་ཀྱི་ཆང་རྩི་བཟོ་བ་སོགས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐུབ་པ་དང་འབྲེལ། ལོ་གཅིག་གི་དུས་ཚོད་སྤྱད་དེ་ཚོད་ལྟའི་ངང་ཐོན་སྐྱེད་བྱས་ཡོད། 2022ལོའི་ཟླ་12ཚེས་18ཉིན། བོད་ཀྱི་ནས་རག་གི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་དང་ཁྲོམ་རའི་སྤུས་རྟགས་གཉེར་སྐྱོང་ཚོང་འགུགས་ཀྱི་འོས་སྦྱོར་ཚོགས་འདུ་ཇ་རྟའི་ཐང་ཆེན་དུ་འཚོགས་པ་དང་ནས་རག་ཐོན་ལས་རྣམ་གྲངས་ཆབ་མདོར་དོན་འཁྱོལ་བྱས་ཡོད།