འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྨ་ཆུའི་ཆུ་གཞུང་ཨ་མའི་བཅད་ངོས་ཀྱི་ཆུ་སྤུས་ལོ་བདུན་བསྟུད་མར་IIརིགས་ལ་སླེབས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་04ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཟླ་6ཚེས་30ཉིན་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་གནས་ཚུལ་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
    2022ལོར་ཀན་སུའུ་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བཅད་ངོས་གཙོ་བོ་74ཡོད་པ་ལས་བཅད་ངོས་71གི་ཆུ་སྤུས་ལེགས་ཚད(IIIརིགས་ལ་སླེབས་པའམ་དེ་ལས་ལེགས་པ)ཟིན་ནས་བསྡུར་ཚད་95.9%ཟིན་ཞིང་། སྤུས་ཞན་Vརིགས་ཀྱི་བཅད་ངོས་2ཡོད་པ་དེའི་བསྡུར་ཚད་2.7%ཟིན་ཡོད་པ་རེད། རྫོང་རིམ་པ་དང་དེའི་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་IIIརིགས་ཀྱི་ཆུ་སྤུས་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ། རྨ་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བཅད་ངོས་གཙོ་བོ་41ཡི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་92.68%ཟིན་པ་དང་། ཆུ་གཞུང་ཨ་མའི་བཅད་ངོས་ཀྱི་ཆུ་སྤུས་ལོ་7བསྟུད་མར་IIརིགས་སུ་སླེབས་ཡོད་པ་རེད། ནུབ་བྱང་གི་གཙང་པོ་དང་འབྲི་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བཅད་ངོས་གཙོ་བོ་IIརིགས་ལ་སླེབས་པའམ་དེ་ལས་ལེགས་པ་རེད། 2023ལོའི་ཟླ་1པོ་ནས་ཟླ་5པའི་བར་ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཁབ་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པའི་བཅད་ངོས་གཙོ་བོ་74ཡི་ཁྲོད་བཅད་ངོས་69ཡི་ཆ་སྙོམས་ཆུ་སྤུས་ལེགས་པ། (IIIརིཌ་ལ་སླེབས་པའམ་དེ་ལས་ལེགས་པ)ཆུ་སྤུས་ལེགས་པའི་ཆའི་བཅད་ངོས་ཀྱི་བསྡུར་ཚད་93.2%ཟིན་པ་དེ་ན་ནིང་གི་དུས་མཚམས་ལས་བརྒྱ་ཆའི་གྲངས་1.3འཕར་བ། སྤུས་ཞན་Vརིགས་ཀྱི་ཆུའི་བཅད་ངོས་བསྡུར་ཚད་2.7%ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་གཅིག་མཚུངས་ཡིན་པ་བཅས་ཆུའི་ཁོར་ཡུག་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།
    ཀན་སུའུ་ཡིས་གཙོ་གནད་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་གཞི་བཟོས་ནས་བཏོན་ཞིང་། ཆུའི་ཁོར་ཡུག་གི་དུས་བབ་ལ་དབྱེ་ཞིབ་གྲོས་མོལ་དང་། ཉེན་ཟོན་སྔོན་བརྡ། སྒྲུབ་གཉེར་བཅས་ཀྱི་ལས་དོན་ལམ་སྲོལ་བཙུགས་ནས་སྤྱོད་འགོ་ཚུགས་ཏེ། ཆུའི་ཁོར་ཡུག་གི་སྤུས་ཚད་ཞན་དུ་འགྲོ་བ་དང་། ཚད་ལོན་མེད་པ། བཙོག་ཆུ་གཙང་གསིང་བྱ་ཡུལ་ལས་ཚད་གཞི་ལས་བརྒལ་བའི་བཙོག་ཆུ་གློད་པ་བཅས་ཀྱི་གྲོང་ཁྱེར་དང་ཀྲོའུ་ལ་ཟླ་རེར་ཉེན་ཟོན་སྔོན་བརྡའི་བརྡ་ཁྱབ་གཏོང་བ་དང་། ཚད་གཞི་ལས་ཚབས་ཆེན་བརྒལ་བར་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་ནས“ཞིབ་བཤེར་དང་། ཚད་ལེན། རྩད་ཞིབ། བཅོས་སྒྲིག”བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། བསྟུད་མར་ཟླ་གསུམ་ཡན་ཚད་གཞི་ལས་བརྒལ་བའི་བཙོག་ཆུ་གློད་པའི་བཅད་ངོས་འགན་འཁུར་གྲོང་ཁྱེར་དང་ཀྲོའུ་ལ་སྐོང་འདྲི་བྱེད་པ། སྐོང་འདྲི་བྱས་རྗེས་ད་དུང་དག་ཐེར་མི་བྱེད་པའི་རིགས་ལ་གོ་རིམ་ལྟར་ལྟ་ཞིབ་བཅས་བྱས་ནས་རྒྱུག་ཁུལ་གྱི་ཆུའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད་པ་རེད། ཀན་སུའུ་ཡིས་ད་དུང་རྒྱལ་ཡོངས་ཀྱི་སྔོན་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ས་གནས་ཀྱི་ཁྲིམས་འཛུགས་དང་སྦགས་བཙོག་གི་ད་ལྟའི་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་རྨ་ཆུ་རྒྱུག་ཁུལ་ཀན་སུའུ་དུམ་བུའི་སྐྱེ་ཁམས་ཁོར་ཡུག་དང་དེ་བཞིན་སྦགས་བཙོག་གི་ད་ལྟའི་གནས་ཚུལ་གྱི་གདིང་གཞི་གཞི་རྩའི་ཐོག་གསལ་རྟོགས་ཐུབ་ཡོད། རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་རིམ་པ་དང་དེ་བཞིན་དེ་ཡན་གྱི་བཟོ་ལས་གླིང་30རུ་གཅིག་སྡུད་རྣམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་སྐྲུན་ཟིན་པ་དང་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་62བསྐྲུན་ནས་གྲོང་ཁྱེར་དང་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བྱེད་ཚད་དང་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་འདམ་རྫབ་གནོད་མེད་གཙང་སེལ་བྱེད་ཚད་97%དང་། 93% 97%ཡན་བཅས་སོ་སོར་ཟིན་ཡོད་པ་དང་། རྨ་ཆུ་རྒྱུག་ཁུལ་གྱི་གཏེར་སྙིགས་གསོག་མཛོད་9ཡི་སྦགས་བཙོག་གཙང་སེལ་བྱས་ཡོད། “རྨ་ཆུའི་ཟོག་རོ་གཙང་སེལ”བྱ་སྤྱོད་སྤེལ་ནས་གནད་དོན་ཡོད་པའི་ས་ཚིགས་125བཅོས་སྒྲིག་བྱས་པ། 2022ལོར་ཀན་སུའུ་ཞིང་ཆེན་ལ་ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་གྱི་བྱ་དགའ་སྒོར་དུང་ཕྱུར་1.11རག་པ་དང་བྱ་དགའི་དངུལ་འབོར་དེ་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ཨང་དང་པོར་སླེབས་ཡོད་པ་རེད།