འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཙོད་བདའ་མཁན་མི་9ལ་ཆད་པ་བཅད་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 07ཚེས་03ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2023ལོའི་ཟླ་6ཚེས་24ཉིན་གྱི་ཆུ་ཚོད་16ཙམ་ལ། ནག་ཆུ་གྲོང་ཁྱེར་གཞུང་སྨད་གྲོང་རྡལ་མངགས་གཏོང་ཁང་ལ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་མི་འགའ་ཞིག་གིས་ཆོག་མཆན་མ་ཐོབ་པར་སེར་གླིང་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་དེ་གཙོད་བདའ་འདེད་བྱེད་པའི་བཀའ་འབྱོར་བ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་དཔལ་མགོན་རྫོང་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་བྱས།
     གཞུང་སྨད་གྲོང་རྡལ་མངགས་གཏོང་ཁང་དཔལ་མགོན་རྫོང་དུ་བསྐྱོད་དེ་གྱོད་གཞི་རྩིས་ལེན་བྱས་རྗེས། འཕྲལ་དུ་མྱུལ་ཞིབ་ལས་དོན་སྤེལ་བ་རེད། མྱུལ་ཞིབ་ནན་པོ་བྱས་པ་བརྒྱུད་ཁྲིམས་འགལ་ཉེས་གསོག་དོགས་ཅན་གྱིས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ངོས་ལེན་ཞུས་ཤིང་། གཞུང་སྨད་གྲོང་རྡལ་མངགས་གཏོང་ཁང་གིས་གྱོད་གཞི་དེ་གཉེར་སྒྲུབ་བྱེད་དབང་ཡོད་པའི་ཤན་རྩ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་རྩིས་སྤྲད་པ་རེད།
     ཆོག་མཆན་མ་ཐོབ་པར་སེར་གླིང་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་འཛུལ་བ་དང་། དེ་བཞིན་གཙོད་བདའ་འདེད་བྱེད་པའི་བྱ་སྤྱོད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ་དང་། ཤན་རྩ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲོལ་ཡིག〉ལག་བསྟར་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྱོད་འབྲེལ་དོ་བདག་ཡེ་ཆེ་གེ་མོ་སོགས་མི་9ལ་མི་རེར་སྒོར་1000གི་དངུལ་ཆད་བཅད་པ་མ་ཟད། གྱོད་འབྲེལ་མི་སྣར་ཞིབ་བཤེར་གཏིང་ཟབ་བྱེད་དུ་བཅུག