འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ལས་ཁུངས་ཀྱི་ཏང་ཀྲི་པུས“ངས་མང་ཚོགས་ལ་བྱ་བ་
དངོས་སྒྲུབ”པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་29ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ལས་ཁུངས་ཀྱི་ཏང་ཀྲི་པུས་ཏང་ཡོན་ལས་བྱེད་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་ཚོགས་ཆུང་གི་ངལ་རྩོལ་ནུས་ཤུགས་མེད་པའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ“ཏང་ཡོན་ལས་བྱེད་པས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་་མཉམ་དུ་བསྐྲུན”ནས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
    བྱེད་སྒོ་སྤེལ་རིང་། ཏང་ཡོན་ལས་བྱེད་པ་དང་དང་བླངས་པས་མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་གྱི་རྩྭ་ངན་འཐུ་བ་དང་། གད་སྙིགས་འཕྱག་པ། ཐབ་ཚང་ལ་གཙང་སྦྲ། གྱོན་ཆས་དང་ཅ་དངོས་བསྡུ་གསོག མི་ཧྲེང་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ་བཅས་བྱས་ཏེ་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།
    འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རྒྱལ་སྨན་ཤང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཏང་ཡོན་གྱི་སྣེ་ཁྲིད། དང་བླངས་པ་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གཙོ་གནད་དུ་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་དང་བདེ་སྐྱིད་འཚོ་བ་མཉམ་དུ་གཏོད་པ་དམིགས་ཚད་དུ་བྱེད་པ། མཛེས་སྡུག་ལྡན་པའི་སྒོ་ར་དང་། “གསང་སྤྱོད་གསར་བརྗེ” སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ལ་མུ་མཐུད་ཤུགས་རྒྱག་པ། ཇུས་ཤུགས་མཉམ་འདོན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་བཅས་བྱས་ཏེ་གྲོང་གསེབ་ཀྱི“རྣམ་པ་གསར་པར”བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།