འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ལོ་བོད་ཀྱིས་སྤྱི་པའི་བོགས་གཏོང་ཁང་པ་4516བསྐྲུན་རྩིས་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་28ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྡོད་ཁང་ནི་དུད་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས“སྡོད་སའི་ཁང་པ་ཡོད་པ”དེ་དམངས་འཚོ་ལེགས་གཏོང་གི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩིས་ནས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་བྱ་ཐབས་ནུས་ལྡན་སྤྱད་དེ་སྡོད་ཁང་འགན་ལེན་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་དང་སྤྱི་པའི་བོགས་གཏོང་ཁང་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། 2022ལོའི་ལོ་མཇུག་བར། བོད་ལྗོངས་ཡོངས་སུ་ཁྱོན་སྤྱི་པའི་བོགས་གཏོང་ཁང་པ་ཁྲི་15.72ཡོད་པ་དང་2023ལོར་སྤྱི་པའི་བོགས་གཏོང་ཁང་པ་4516གསར་སྐྲུན་བྱ་རྩིས་ཡོད་པ་རེད།
   བོད་ཀྱི་སྤྱི་པའི་བོགས་གཏོང་ཁང་པ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་དང་། ཚན་རིག་ཅན་དང་ཆེད་ལས་ཅན་གྱིས་དོ་དམ་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཉུང་ཙམ་རྒྱུག་ཆེད། 2019ལོར་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་ལས་བྱས་ཏེ་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་རེད།
   གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་གི་མཚོན་རྟགས་པར་གཞི་དང་སྒྲོམ་གཞི་གསར་པའི་པར་གཞི་ཆ་ཚང་དྲ་ཐོག་འཁོར་སྐྱོད་བྱས་པ་དང་འབྲེལ་ལས་སྒོ་བདག་སྤྲོད་བྱེད་འགོ་བཙུགས་ཏེ། རྒྱལ་ཡོངས་ཀྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་དང་གྲངས་གཞི་མཉམ་སྤྱོད་ཐུབ་ཡོད། མིག་སྔའི་བར། བོད་ཀྱི་སྤྱི་པའི་བོགས་གཏོང་ཁང་པའི་ཆ་འཕྲིན་མ་ལག་གིས་རིམ་རྩིས་བྱས་ན་སྡོད་ཁང་ཆ་ཚང་ཁྲི་5.76ནང་འདྲེན་བྱས་པ་དང་། བོགས་གཏོང་ཁང་པ་ཆ་ཚང་24310ཟིན་ནས་དུད་ཚང་33785ལ་འགན་ལེན་བྱེད་བཞིན་ཡོད་པ་རེད།
   སྤྱི་པའི་བོགས་གཏོང་ཁང་པའི་ཁང་གླ་དང་། གཏའ་དངུལ་བསྡུ་ལེན་དང་དེ་བཞིན་བོགས་གཏོང་ཁ་གསབ་དངུལ་སྤྲོད་པའི་ལས་དོན་བཅས་སྔ་ཙམ་དྲ་ཐོག་ནས་གཉེར་ཐུབ་ཆེད། བོད་ལྗོངས་ཡོངས་ཀྱི་རིམ་ཁག་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་སྤྱི་པའི་བོགས་གཏོང་ཁང་པའི་མ་དངུལ་ནོར་སྲིད་ཀྱི་ཆེད་སྤྱོད་རྩིས་ཁྲ་བཟོས་ནས་སྤྱི་པའི་བོགས་གཏོང་ཁང་པའི་ཁང་གླ་དང་། གཏའ་དངུལ་དང་དེ་བཞིན་བོགས་གཏོང་ཁ་གསབ་སོགས་ཀྱི་མ་དངུལ་དོ་དམ་ཐད་སྤྱད་དེ། གཏན་འབེབས་ལྟར་ཆེད་སྤྱོད་ཀྱི་རྩིས་ཁྲ་དོ་དམ་དང་། ཁག་བགོས་རྩིས་ཁྲ་ཞིབ་རྩིས། ཆེད་དངུལ་ཆེད་སྤྱོད་བཅས་ལག་བསྟར་བྱས་ནས་རིགས་ཁག་གི་མང་ཚོགས་ཀྱི་སྡོད་ཁང་དགོས་མཁོ་སྔར་བས་ལེགས་པ་སྐོང་ཐུབ་པ་རེད།
   གསར་འགོད་པས“སྤྱི་པའི་བོགས་གཏོང་ཁང་པའི”APP(སྡོད་ཁང་འཛུགས་སྐྲུན་པུས་བཏོན་པའི་སྤྱི་པའི་བོགས་གཏོང་ཁང་པའི་སྒུལ་བདེའི་སྲིད་དོན་ཞབས་ཞུའི་མཉེན་ཆས)ཁ་ཕྱེ་ནས་ཆབ་མདོ་གྲོང་ཁྱེར་གྱི“ཁང་ཁུངས”བདམས་ཚེ་མིག་སྔར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་དུ་སྤྱི་པའི་བོགས་གཏོང་ཁང་པ་1716ཡོད་པ་ལྟ་ཐུབ་པ་དང་། དྲ་ངོས་རྗེས་མ་མནན་ཚེ། སྡེ་ཁུལ་མི་འདྲ་བའི་ལེ་ལག་ཚང་བའི་སྤྱི་པའི་བོགས་གཏོང་ཁང་པའི་གྲངས་འབོར་ལྟ་ཐུབ་པ་མ་ཟད། ཁང་པའི་རྒྱ་ཁྱོན་དང་བཀོད་པ་སོགས་ཁང་ཁུངས་ཆ་འཕྲིན་དང་དེ་བཞིན་སྡེ་ཁུལ་ཆུང་ངུ་ཚང་མས་བོགས་མར་བཏང་བའི་ཁང་ཁུངས་ཀྱི་གྲངས་འབོར་དང་བོགས་མར་བཏང་མེད་པའི་ཁང་ཁུངས་ཀྱི་གྲངས་འབོར་ཡང་ལྟ་ཐུབ། “སྤྱི་པའི་བོགས་གཏོང་ཁང་པའི”APPབརྒྱུད་ད་དུང་འོས་བབ་འདྲི་རྩད་དང་། སྒྲུབ་རིམ་འདྲི་རྩད། འོས་བབ་ལོ་བཤེར་སོགས་བྱེད་ཆོག་གི་ཡོད་པ་རེད།