འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕྱི་རྒྱལ་གྱི་འགྲེམས་སྟོན་ཚོང་པས་བསྟོད་བསྔགས་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་27ཉིན། 15:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་བསྟུད་མར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི(བོད་ལྗོངས་ཀྱི་འགྲེམས་ཚོགས་ཞེས་བསྡུ་རྒྱུ།)འགྲེམས་ཚོང་བྱ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འདི་གར་འཛོམས་པའི་ཀྲུང་ཕྱིའི་འགྲེམས་སྟོན་ཚོང་པ་ལས་ལ་བྲེལ་བཞིན་འདུག 
     བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ནས་བསྒྲགས་དོན། སྐབས་འདིའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་612འགྲེམས་ཚོང་ལ་གདན་འདྲེན་ཞུས་པ་དང་། ཐོན་རྫས་ཀྱི་གྲངས་འབོར་སྐབས་གོང་མའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ལས་ལྡབ་3ལྷག་འཕར་ཡོད། དེའི་ནང་ཚང་མར་མཁོ་བའི་ཉེར་མཁོའི་འཛད་རྫས་ཡོད་ལ། ཚན་རྩལ་གྱི་འདུས་ཚད་མཐོ་བའི་རིག་ནུས་ཐོན་རྫས་དང་། སྤུས་རྟགས་རྩེ་གྲ་ཡང་ཡོད་ཅིང་། རང་སའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་ཡོད་ལ། གཞན་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་ཐོན་རྫས་ཀྱང་ཡོད།