འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འཛམ་གླིང་གི་འཛིན་ཐོ་གསར་པ་ཞིག་བཏོད་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་27ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་གི་འཛིན་ཐོ་གསར་པ་ཞིག་བཏོད་འདུག
   ཟླ་6ཚེས་25ཉིན། ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི“ཇོ་མོ་གླང་མར་ལྷན་འཛོམས། དབྱངས་རྟ་སྟོང་གི་འགྱུར་ཁུག”ཅེས་པའི་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་ཆེ་གྲས་གཞིས་རྩེའི་ཧྲང་ཧའེ་ལུས་རྩལ་ཐང་དུ་སྤེལ་བ་རེད། 
   འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད(WRCA)ཀྱི་གཞུང་ཕྱོགས་ནས་ཞིབ་དཔྱད་བྱས་པ་བརྒྱུད། བྱེད་སྒོ་དེས“གཞི་ཁྱོན་ཆེ་ཤོས་ཀྱི་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཞབས་བྲོ་འཁྲབ་སྟོན”གྱི་འཛམ་གླིང་གི་ཟིན་ཐོ་བཏོད་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་ལ་ནང་དོན་གཏིང་ཟབ་ཅིང་། རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་238དང་ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པ་389ཡོད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། གོ་རིམ་ལྡན་པའི་ངང་རྒྱུན་འཛིན། དེ་བཞིན་ཚད་ལྡན་ལུགས་མཐུན་གྱི་གསར་སྤེལ་བེད་སྤྱོད་བཅས་བྱས་པ་ལས། ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་དེ་དག་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རིང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་གསར་པ་མངོན་བཞིན་ཡོད།
【1】  【2】  【3】  【4】  【5】  【6】
༄༅།།འཛམ་གླིང་གི་འཛིན་ཐོ་གསར་པ་ཞིག་བཏོད་འདུག