འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱང་ཐང་དུ་བག་ཡངས་ངང་རྒྱུ་བའི་གཙོད་ཁྱུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་27ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བྱང་ཐང་དུ་བག་ཡངས་ངང་རྒྱུ་བའི་གཙོད་ཁྱུ།
     ཉེ་ཆར། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ཡུག་ཁུལ་དུ་རི་སྐྱེས་སྲོག་ཆགས་སྲུང་མཁན་གྱིས་སྐོར་གཡེང་བྱེད་པའི་སྐབས། གཙོད་ཁྱུ་ཡི་སོས་དལ་བག་ཕེབས་ཀྱི་རྣམ་པ་པར་བླངས་པ་རེད། མིག་སྔར། བོད་ལྗོངས་ཀྱི་གཙོད་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་30ལས་བརྒལ་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་29.8ཟིན་ཡོད་ཅིང་། མིག་སྔར་ཀྲུང་གོའི་མཚོ་ངོས་མཐོ་ཚད་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། བོད་ལྗོངས་ནག་ཆུ་དང་མངའ་རིས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཉིས་འཕྲེད་བརྒལ་བྱས་ཡོད། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ཡུག་ཁུལ་དུ་ཆེད་ལས་དོ་དམ་ས་ཚིགས་36ཡོད་པ་དང་། ཆེད་ལས་དོ་དམ་སྲུང་སྐྱོང་བ་390དང་། གྲོས་མཐུན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་205ཡོད་པ་རེད།
【1】  【2】
༄༅།།བྱང་ཐང་དུ་བག་ཡངས་ངང་རྒྱུ་བའི་གཙོད་ཁྱུ།