འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོན་ཁུངས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་པ།

—— རྒྱལ་ཡོངས་ཀྱི་ས་ཞིང་ཉིན་མོ་ཐེངས་33པ་འཆར་ཉེའི་མཚམས་སུ་བྲིས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་26ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཅུན་དང་ཁྲང་ཆིན།
     ཟླ་6ཚེས་25ཉིན་ནི་རྒྱལ་ཡོངས་ཀྱི་ས་ཞིང་ཉིན་མོ་ཐེངས་33པ་ཡིན་ཞིང་། འདི་ལོའི་ས་ཞིང་ཉིན་མོའི་བརྗོད་དོན་གཙོ་བོ་ནི“ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་དགོས”པ་འདི་རེད།
     ས་ཞིང་ནི་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཀྱང་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཇུས་ཀྱི་བསམ་གཞིག་དང་། བརྒྱུད་རིམ་གྱི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་མཐའ་འཁྱོངས་ཀྱིས་རྨོ་ཞིང་སྲུང་སྐྱོང་བྱེད་པ་དང་། ཐོན་ཁུངས་ལ་གྲོན་ཆུང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ། འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བཅས་གནང་སྟེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
     “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་རྨོ་ཞིང་གི“རྨོ་ཞིང་གཞན་སྤྱོད”དང་གཞི་རྩའི་ས་ཞིང་ལ“འབྲུ་རིགས་མི་འདེབས་པ”བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་པོ་བསྲུངས་པ།
     དབྱར་གཞུང་དུ་སྐྱེ་དངོས་ཐམས་ཅད་སྐྱེས་འཚར་བཟང་བས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་མུ་ཁར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
     འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ཞིང་། འབྲུ་རིགས་ཐོན་སྐྱེད་ཀྱི་རྩ་བ་རྨོ་ཞིང་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨོ་ཞིང་ནི་རང་རྒྱལ་གྱི་ཐོན་ཁུངས་རྩ་ཆེ་ཤོས་རེད”“རིག་དངོས་ལ་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ཐ་ན་དོམ་ཁྲར་སྲུང་སྐྱོང་བྱེད་པ་ལྟར་རྨོ་ཞིང་ལ་སྲུང་སྐྱོང་བྱེད་དགོས”“རྨོ་ཞིང་མུའུ་དུང་ཕྱུར་18ངེས་པར་དུ་མིང་དོན་མཚུངས་པ་ཡིན་དགོས། ས་ཞིང་ནི་ས་ཞིང་ཡིན་པ་མ་ཟད། ངེས་པར་དུ་ས་ཞིང་གཤིན་པོ་ཡིན་དགོས”ཞེས་ནན་བཤད་གནང་ཡོད།
     “ངེས་པར་དུ་མི་དུང་ཕྱུར་བཅུ་གྲངས་ཀྱི་ལྟོ་ཆས་ཀྱི་དོན་ཆེན་དང་འབྲེལ་བ་ཡོད་པའི་རྨོ་ཞིང་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས་འཕྲོ་བརླག་གཏན་ནས་གཏོང་མི་རུང་བ”དང“དམར་ཐིག་གི་ནང་དུ་གྲངས་འབོར་ཚུད་ཡོད་ལ་སྤུས་ཚད་ཀྱང་ཚུད་ཡོད”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་རྨོ་ཞིང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས།
     —— གྲངས་འབོར་བརྟན་པོ་ཡོང་བར་བྱས་ནས་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་བརྟན་པོ་བསྲུངས་པ།
     《རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་རྩ་གནད(2021ལོ་ནས་2035ལོ་བར)》ནང་དུ།  2035ལོ་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་ལས་འགན་གྱི་དམིགས་ཚད་མུའུ་དུང་ཕྱུར་18.65ཡིན་པ་དེ་རྒྱུན་འཁྱོངས་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། རྨོ་ཞིང་གི་གྲངས་འབོར་ཉུང་དུ་མི་འགྲོ་བའི་འགན་ལེན་ཏན་ཏིག་བྱེད་པའི་ཐད་བྱ་ཐབས་ནན་པོ་རབ་དང་རིམ་པ་སྤྱོད་ཤུགས་སྔར་ན་མེད་པ་ཞིག་ཡོད།
     —— སྤྱོད་སྒོ་ཚོད་འཛིན་བྱས་ནས་ས་ཞིང་ནི་ཞིང་ཁ་ཡིན་པའི་འགན་ལེན་བྱས་པ།
     རང་བྱུང་ཐོན་ཁུངས་པུའི་འགན་འཁུར་བ་གཙོ་བོས། རྨོ་ཞིང་གི“རྨོ་ཞིང་གཞན་སྤྱོད”དང་གཞི་རྩའི་ས་ཞིང་ལ“འབྲུ་རིགས་མི་འདེབས་པ”བཀག་འགོག་བྱས་ནས་ཞིང་ལས་མིན་པའི་འཛུགས་སྐྲུན་དང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་སོགས་ཀྱིས་རྨོ་ཞིང་བཟུང་སྤྱོད་བྱེད་པ་འབྱུང་རྩ་ནས་ཚོད་འཛིན་བྱས་ཏེ། རྨོ་ཞིང་བཟུང་སྤྱོད་བྱེད་དགོས་རིགས་ལ་གཏན་འབེབས་གཞིར་བཟུང་རྨོ་ཞིང་བཟུང་གསབ་དོ་སྙོམས་དང་གཏོང་ཡོང་དོ་སྙོམས་དོན་འཁྱོལ་བྱེད་དགོས་ཞེས་བརྗོད་པ་རེད།
     —— སྤུས་ཚད་ལེགས་སུ་བཏང་ནས་ས་ཞིང་ནི་ངེས་པར་དུ་ས་ཞིང་གཤིན་པོ་ཡིན་པའི་འགན་ལེན་བྱས་པ།
     ས་རྒྱུ་གཤིན་པོ་སྲུང་སྐྱོང་དང་ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་ཧུར་ཐག་བྱེད་དགོས་ཤིང་། ད་ཆའི་རྨོ་ཞིང་ནི་འབྱུང་འགྱུར་གྱི་ལྟོ་ཕོར་ཡིན། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། གྲངས་འབོར་དང་སྤུས་ཚད་ལ་ལྟ་རྟོག་བྱེད་པ། རྨོ་ཞིང་གི་ས་རྒྱུ་ལེགས་བཅོས་བྱེད་པ། ས་རྒྱུའི་གཤིན་ཚད་ལེགས་སུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་དང་སྒྱུར་བཀོད་ལེགས་བཅོས་བྱེད་པ། ཞན་ཆ་དང་སྐྱོན་ཆར་དམིགས་ནས་ཤུགས་རྒྱག་པ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་བཅས་བྱས་ཏེ། རྨོ་ཞིང་མུའུ་དུང་ཕྱུར་18མིང་དོན་མཚུངས་པར་བྱས་ནས་རྨོ་ཞིང་ཚུན་གང་ཙམ་ཡང་ལོ་ལེགས་ཡོང་བའི་ས་རྒྱུ་གཤིན་པོར་འགྱུར་བར་བྱེད་དགོས།
     ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་ས་ཞིང་སྤྱོད་པའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོར་ས་ཞིང་མི་ཉུང་བ་ཡོད་མོད། འོན་ཀྱང་མི་འབོར་དུང་ཕྱུར་14ཡི་དགོས་མཁོ་དང་བསྡུར་ཚེ་ཐོན་ཁུངས་དཀོན་པོ་རེད། གྲོང་ཁྱེར་སྐྲུན་པ་དང་། བཟོ་ལས་གཉེར་བ། སྐྱེ་ཁམས་སྲུང་སྐྱོང་བཅས་ཚང་མར་ས་ཆ་སྤྱོད་དགོས་པས། ངེས་པར་དུ་ཞིབ་རྩིས་རྒྱག་དགོས”“ཚོད་འཛིན་མེད་པའི་སྒོ་ནས་འཛུགས་སྐྲུན་ས་ཆ་རྒྱ་ཆེར་གཏོང་མི་རུང་ལ་གྲོང་ཁྱེར་དང་གྲོང་རྡལ་ཚང་མར་ཐོག་བརྩེགས་ཁང་ཆེན་གང་རུང་བསྐྲུན་མི་རུང” “ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་དེང་རབས་ཀྱི་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ལ་ཕ་ཚ་བུ་རྒྱུད་ལའང་འཚོ་གནས་ཀྱི་རྨང་གཞི་འཇོག་དགོས”ཞེས་གསུངས་ཡོད།
     —— ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་སྔོན་ལ་འཆར་འགོད་བྱས་པ།
     “འཆར་འགོད་ལྡན་པའི་གྲོན་ཆུང་ནི་གྲོན་ཆུང་ཆེ་ཤོས་ཡིན་པས། འཆར་འགོད་ཀྱི་སྣེ་ཁྲིད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་བཀོད་པ་ལེགས་སུ་གཏོང་དགོས”ཞེས་རང་བྱུང་ཐོན་ཁུངས་པུའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཅུས་ཀྱི་ཅུས་ཀྲང་ཀྲང་པིང་གིས་བརྗོད་པ་དང་། ཁོང་གིས། མིག་སྔར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱིས་སྤྱི་འདོམས་བྱས་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་པ་སྤྱིར་ན་ཆགས་ཡོད་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་སྒྲིག་བཟོར་ཞིབ་མཆན་འགོད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།
     —— ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་ལམ་སྲོལ་འགན་ལེན་བྱས་པ།
     2013ལོ་ནས་2022ལོ་བར། རྩིས་གཞིའི་GDPའཛུགས་སྐྲུན་ས་ཆ་བེད་སྤྱོད་ཀྱི་རྒྱ་ཁྱོན་38.61%ཆག་ནས་རྒྱལ་ཁབ་ས་ཆའི་དཔལ་འབྱོར་འདུས་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། རང་བྱུང་ཐོན་ཁུངས་པུའི་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སིའི་སི་ཀྲང་ལིའུ་མིང་སུང་གིས། འབྱུང་འགྱུར་དུས་སྐབས་ཤིག་རིང་ས་ཆ་སྤྱོད་པའི་རྒྱ་ཁྱོན་དང་ཤུགས་ཚད་གཉིས་ཀར་ཚོད་འཛིན་མུ་མཐུད་ནན་དུ་བཏང་ནས་ས་ཆ་སྤྱོད་པའི་གྲུབ་ཆ་ལེགས་སུ་གཏོང་བར“བར་མཐོངས་འཇོག་པ”དང་། ཚད་གཞིའི་ཚོད་འཛིན་ནན་དུ་གཏོང་བར“བར་མཐོངས་གྲོན་ཆུང་བྱེད་པ” ཕྱོགས་བསྡུས་གསར་སྤེལ་ལ“བར་མཐོངས་རྒྱ་སྐྱེད་གཏོང་བ” ས་ཆ་གྲོན་ཆུང་གི་ལག་རྩལ་བྱ་ཐབས་ཁྱབ་གདལ་གཏོང་བར“བར་མཐོངས་གཏོད་པ”བཅས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
     —— ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ནས་སྒྱུར་བཅོས་གསར་གཏོད་བྱས་པ།
     འཆར་འགོད་སྣེ་ཁྲིད་ནས་ཁྲོམ་རའི་བཀོད་སྒྲིག་བར་དང་། གཏན་འཁེལ་བྱས་པའི་ས་ཞིང་གི་སྤྱི་འབོར་ནས་གསོག་ཐེབས་ཕན་སྒྱུར་བར། དཔྱད་བསྡུར་སྐུལ་ལྕག་ནས་དཔེ་སྟོན་སྣེ་ཁྲིད་བར་བཅས་སུ་ས་ཆ་གྲོན་ཆུང་དང་བེད་སྤྱོད་ཡག་པོ་བྱས་ཏེ་ས་ཆ་སྤྱོད་པའི་བྱ་ཐབས་དེ་བས་ཞིབ་ཚགས་སུ་གཏོང་བཞིན་ཡོད། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ས་ཆ་སྤྱོད་པའི་འཆར་གཞི་དང་དོ་དམ་བྱེད་སྟངས་ཟམ་མི་ཆད་པར་སྒྱུར་བཅོས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་བཀོད་པ་དང་གྲུབ་ཆ་ལེགས་སུ་གཏོང་བ། ས་ཞིང་སྤྱོད་པའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པ་བརྒྱུད། རང་རྒྱལ་གྱི་འཛུགས་སྐྲུན་ས་ཆའི་བསྡོམས་འབོར་རྒྱུན་མཐུད་མཐོ་རུ་ཕྱིན་པའི་རྣམ་པ་ཅུང་ཞི་ལྷོད་དུ་ཕྱིན་ཡོད།
     སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་ནས་འགོ་བརྩམས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་པ།
     མི་རེའི་ཆ་སྙོམས་ཀྱི་རང་བྱུང་ཐོན་ཁུངས་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལ་མི་སླེབས་པའི་ཀྲུང་གོས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་རིང་གཞི་ནས་ལེགས་འགྲུབ་ཐུབ་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བས། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རིང་གཅིག་སྡུད་མངོན་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་རྫིང་ཆུ་གློད་ནས་ཉ་མོ་འཛིན་པ་ལྟར་བྱེད་མི་རུང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་སྐབས་དཔལ་འབྱོར་འཕེལ་རྒྱས་དོར་ནས་ཤིང་སྟེང་དུ་ཉ་འཚོལ་བའང་བྱེད་མི་རུང”བ་དང་། “མིའི་སྲོག་རྩ་ཞིང་ལ་ཐུག་ཡོད། ཞིང་གི་སྲོག་རྩ་ཆུ་ལ་ཐུག་ཡོད། ཆུའི་སྲོག་རྩ་རི་ལ་ཐུག་ཡོད། རིའི་སྲོག་རྩ་ས་ལ་ཐུག་ཡོད། སའི་སྲོག་རྩ་ནགས་ཚལ་དང་རྩྭ་ལ་ཐུག་ཡོད” “རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
     རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང“ས་ཞིང”ནི་འགག་རྩའི་གཙོ་རྒྱུ་ཡིན།
     “ས་ཞིང”དེ་བས་ས་རྒྱུ་གཤིན་པོ་ཡོང་བར་བྱས་ཏེ་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོ་རུ་དང་བརྟན་ལྷིང་རང་བཞིན་མུ་མཐུད་ཆེ་རུ་གཏོང་དགོས།
     2022ལོའི་ལོ་མཇུག་ཏུ“ཀྲུང་གོའི་རི་ཆུའི་འདུ་འགོད”མཉམ་འབྲེལ་རྒྱལ་ཚོགས་ཀྱི“འཛམ་གླིང་གི་སྐྱེ་ཁམས་སླར་གསོའི་ལྟེ་བའི་རྣམ་གྲངས”ལ་བདམས་ཡོད། “‘ཀྲུང་གོའི་རི་ཆུའི་འདུ་འགོད’ཀྱིས་སྐྱེ་ཁམས་མ་ལག་ཚང་མ‘ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ’ལ་བརྩིས་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཀྲུང་གོའི་སྤྱི་ཆིང་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཞིང་ཁ་སླར་གསོ་ཐུབ་ཡོད”ཅེས་བྱ་དགའ་སྤྲོད་པའི་ཚིག་གི་ནང་དོན་མདོར་བསྡུས་ལ་ཤུགས་དང་ལྡན་པ་ཞིག་ཡོད།
     “ས་ཞིང”དེ་བས་མཛེས་སྡུག་ལྡན་པ་འགྱུར་བར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་བ།
     ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་ཤིའུ་ཀྲོའུ་ཆུས་ཤིན་ཆན་གྲོང་རྡལ་ཐེན་ཕུའུ་གྲོང་ཚོར་ས་ཞིང་གཅིག་སྡུད་ཡུག་ཏུ་སྦྲེལ་བས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོད། “‘ལས་གྲྭ་ཁྲི་སྟོང’གི་ཕན་པར་བརྟེན་ནས་རྨང་གཞི་ཡག་པོ་བཏིང་པ་དང་ས་ཆ་ཁྱོན་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་ལས་ཀྱང་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད”ཅེས་ཤིན་ཆན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དབང་སུང་ཀང་གིས་བརྗོད་པ་རེད།
     ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག་རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ནགས་ཚལ་སྟུག་ལ་ས་རྒྱུ་གཤིན་པ། མཚོ་མོ་མཛེས་ལ་སྤང་ལྗོངས་སྔོ་བའི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ལ་དེ་བས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་བཞིན་མཆིས།
     (བཀྲ་ཤིས་སྒྲོལ་མས་བསྒྱུར། པ་ཚེ་དང་དཀོན་སྒྲོལ་གྱིས་ཞུས)