འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིར་བཅའ་སྡོད་ཀྲུང་གོ་གཞུང་ཚབ་ཁང་གིས་དྲན་སྐུལ་བཏང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་21ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཉེ་ཆར། ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་དྲན་སྐུལ་བྱས་པར་གཞིགས་ན། ཨ་རིའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱིས། དབྱར་དུས་སུ་དམངས་ཚོགས་ཕྱིར་སྐྱོད་མང་དུ་འགྲོ་བ་དང་ཆབས་ཅིག་འབྲེལ་ཡོད་ནད་ཡམས་མཆེད་མང་ཞིང་། འགོ་ནད་ཐོན་མང་བའི་དུས་གསར་པ་ཐོན་སྲིད་པས། དམངས་ཚོགས་ཀྱིས་མུ་མཐུད་དུ་ཏོག་གསར་ནད་དུག་ལ་དོགས་ཟོན་བྱེད་པ་དང་མཉམ་དུ། Aརིགས་ཕྲེང་ཟླུམ་སྲིན་(StredpA)དང་། དབུགས་ལམ་ཕུང་འབྲེལ་ནད་དུག(RSV)ནུའོ་རུའུ་ནད་དུག(Noromus)ལའེ་མུའུ་ནད(Lyme Disease)མིའི་རིགས་ཀྱི་གློ་ནད(HMPV)སྤྲེའུ་འབྲུམ་ནད(Mpox)། དེ་མིན་འབུ་སྲིན་ལས་ཁྱབ་པའི་འགོས་ནད་ཀྱི་ནད་རིགས་བཅས་ལ་དོགས་ཟོན་བྱེད་དགོས་པ་བསྟན། 
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས། ཨ་རིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཨ་རིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(CDC)སོགས་སྤྱི་པའི་འཕྲོད་བསྟེན་གཙོ་གཉེར་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་འགོ་ནད་འགོས་པའི་སྙན་ཞུ་དང་། སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ལ་དུས་ཐོག་ཏུ་དོ་ཁུར་དང་ཤེས་རྟོགས་བྱས་ནས། མི་སྒེར་དང་བཟའ་འཐུང་གི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་རང་ཉིད་ཀྱི་འགོག་སྲུང་དང་འཕྲལ་སྡོམ་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཕྱིར་བསྐྱོད་པར་ལུགས་མཐུན་ངང་ལམ་བུ་འཆར་འགོད་བྱེད་པ། སྔོན་འགོག་རིམས་འགོག་སྨན་ཁབ་རྒྱག་དགོས་པ་བཅས་ཀྱི་དྲན་སྐུལ་བྱས་པ་རེད། གལ་ཏེ་ལུས་ཕུང་མི་བདེ་ན། དུས་ཐོག་ཏུ་སྨན་པར་སྟོན་དགོས།
   འབྲེལ་གཏུག་ཁ་པར། 
   ཨ་རི་ཡོངས་ཀྱིས་ཉེན་ཞུ་དང་རོགས་སྐྱོར་རེ་ཞུའི་ཁ་པར། 911(རྒྱ་ཡིག་གི་ཞབས་ཞུ་དགོས་པའི་རེ་བ་བཏོན་ཆོག) 
   ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་ཁེ་སྐྱོང་སྲུང་སྐྱོབ་དང་ཞབས་ཞུའི་འཕྲལ་སྡོམ་ཐད་སྦྲེལ་ཁ་པར།(ཆུ་ཚོད་24) 
+86-10-12308
+86-10-65612308
   ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གི་གཞུང་ཚབ་སྲུང་སྐྱོང་དང་ཁ་པར་ཨང་གྲངས། 
   ཨ་རིར་བཅའ་སྡོད་གཞུང་ཚབ་ཁང་། +1-202-4952216
   ཉིའུ་གཡོད་དུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང +1-212-6953125
   སན་ཧྥུ་རན་སི་སི་ཁོར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང +1-415-9296998
   ལོ་སན་ཅི་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང +1-213-8078052
   ཆི་ཁ་གོར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང +1-312-7800170