༄༅།།ཤིང་ཏོག་འདི་ཐའེ་ཝན་ནས་ནང་འདྲེན་བྱ་རྒྱུ་སླར་གསོ་བྱས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་21ཉིན། 14:28】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་6པའི་ཚེས་20ཉིན། འགག་སྒོའི་སྤྱི་ཁྱབ་ཧྲུའུ་སྲོག་ཆགས་དང་རྩི་ཤིང་རིམས་བཤེར་སི་ཡིས་ཐའེ་ཝན་ས་ཁུལ་གྱི་ཧྥན་ལི་ཀྲི་སྐམ་ས་ཆེན་མོར་ནང་འདྲེན་སླར་གསོ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར་སྤེལ།
བརྡ་ཐོའི་ནང་འཁོད་དོན། ཐའེ་ཝན་ས་ཁུལ་ནས་སྐམ་ས་ཆེན་མོར་ནང་འདྲེན་བྱེད་པའི་ཧྥན་ལི་ཀྲིར་ཐེངས་མང་པོར་Planococcus minorསོགས་འགོས་ནད་ཞིབ་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་ཞིབ་བཤེར་བྱུང་བས། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་2021ལོའི་ཟླ་9པའི་ཚེས་20ཉིན་ནས་བཟུང་། ཐའེ་ཝན་ས་ཁུལ་གྱི་ཧྥན་ལི་ཀྲི་སྐམ་ས་ཆེན་མོར་ནང་འདྲེན་བྱེད་མཚམས་བཞག་པ་རེད།
ཐའེ་ཝན་གྱི་ཤིང་འབྲས་འདེབས་མཁན་གྱི་དག་ཐེར་བྱེད་ཐབས་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་པ་བརྒྱུད། ད་ཆ་2023ལོའི་ཟླ་6ཚེས་20ཉིན་ནས་བཟུང་། ཐའེ་ཝན་ས་ཁུལ་གྱི་ཧྥན་ལི་ཀྲི་སྐམ་ས་ཆེན་མོར་ནང་འདྲེན་སླར་གསོ་བྱ་རྒྱུ་ཐག་བཅད་པ་རེད། ཧྥན་ལི་ཀྲི་སྐམ་ས་ཆེན་མོར་ནང་འདྲེན་བྱེད་པར་ཐོ་འགོད་བྱས་པའི་ཐུམ་སྒྲིལ་བཟོ་གྲྭ་དང་ཤིང་ཏོག་ར་བ་ཡིན་དགོས་ཤིང་། འབྲེལ་ཡོད་ཁེ་ལས་ཀྱི་མིང་ཐོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་ཡོད།
བརྡ་ཐོའི་ནང་བསྟན་དོན། འགག་སྒོ་ཁག་གིས་2023ལོའི་ཟླ་6ཚེས་20ཉིན་ནས་བཟུང་། ཐའེ་ཝན་ས་ཁུལ་གྱི་ཧྥན་ལི་ཀྲིའི་སྒོ་ཁྲལ་གནས་ཞུའི་བདག་སྤྲོད་སླར་གསོ་བྱེད་དགོས་པ་དང་འབྲེལ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་བྱེད་དགོས། དུས་མཚུངས་གོང་གསལ་གནས་ཚུལ་དུས་ཐོག་ཏུ་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་བརྡ་ཐོ་གཏོང་རོགས་གནང་།
