༄༅།།ཨ་རིས་མི་འདི་ཞུ་གཏུག་བྱས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 06ཚེས་16ཉིན། 14:55】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཨ་རིའི་རླུང་འཕྲིན་ཀུང་སིས་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་མཱ་ས་ཁྲུའུ་ས་མངའ་སྡེའི་མཁའ་དམག་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་ཁོངས་མི་ཅེ་ཁེ · ཐེ་ཞེ་ལར་དྲ་ཐོག་ནས་གསང་བའི་ཡིག་ཆ་ཕྱིར་གྱར་བའི་དོགས་གཞི་ཡོད་སྟབས། རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་ཞུགས་གྱོད་ཞིབ་ལྷན་ཚོགས་ཀྱིས་ཞུ་གཏུག་བརྒྱབ་པ་རེད།
ཨ་རིའི་ཁྲིམས་འཛིན་པུའུ་ལྟར་ན། ཐེ་ཞེ་ལ་ནི་2019ལོའི་ཟླ་9ཚེས་26ཉིན་མཁའ་དམག་གི་རྒྱལ་དམངས་ཉེན་སྲུང་རུ་ཁག་ནང་ཞུགས་པ་དང་། 2021ལོ་ནས་བཟུང་། གསང་བ་ཆེན་པོའི་བདེ་འཇགས་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་འབྲེལ་2022ལོའི་ཟླ་1པོ་ནས་བཟུང་། དྲ་ཐོག་ནས་གསང་བའི་ཡིག་ཆ་ཁྱབ་བསྒྲགས་བྱས། ཁོང་ལ་རྒྱལ་སྲུང་སྐོར་གྱི་གསང་བའི་ཆ་འཕྲིན་རྐང་བཙུགས་ནས་ཉར་འཇོག་དང་བརྒྱུད་གཏོང་བྱེད་པའི་ཉེས་གཏུག་ཁག་དྲུག་དང་འཕྲད་ཡོད། གལ་ཏེ་ཉེས་མིང་གྲུབ་ཚེ། ཉེས་གཏུག་རེ་རེར་ཆེས་མང་ན་ལོ་10བཙོན་དུ་བཅུག་ཆོག་གི་ཡོད།