འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལིའོ་ཁྲང་ཡུང་གིས་ཀྲུང་གོའི་གླུ་དབྱངས་འཛམ་གླིང་ལ་ཁྱབ་ཏུ་བཅུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་13ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 

 
མི་དམངས་དྲ་བའི་འཕྲིན། ལྕགས་རི་རིང་མོའི་འོག་སྐྱེས་པའི་གླུ་པ་ལིའོ་ཁྲང་ཡུང་གི་གླུ་དབྱངས་དང་ལྷན་དུ་《ཨ་ཕའི་རྩྭ་ཐང་དང་ཨ་མའི་ཆུ་བོ་》“རྩྭ་ཐང་སྟེང་ང་རང་མིག་ཆུ་དབང་མེད་ཤོར། ཆུ་རྒྱུན་རིང་མོས་མེས་པོའི་སྨོན་ལམ་འདེབས་པ་ལྟར། འཁྱམ་པོར་རང་ཡུལ་ལོག་ལམ་རྙེད་པའི་མགོན་སྐྱབས་མཛོད་རོགས་……”ཞེས་པ་འདིས་ལྟད་མོ་བའི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།
     ཟླ 6པའི་ཚེས2 ཉིན་དང་ཚེས 3 ཉིན་གྱི་དགོང་མོར། པེ་ཅིང་གི་ལྕགས་རི་རིང་པོའི་རོལ་མོའི་མཚན་ཚོགས་ཐོག་ལིའོ་ཁྲང་ཡུང་གིས་ཨུ་རུ་སུའི་བཀོད་འདོམས་པ་ཝ་ལེ་ལེ་·ཅེ་ཅེ་ཡེ་ཧྥུའུ་ཡིས་སྣེ་ཁྲིད་པའི་མ་ལིན་སི་ཅིའི་མཉམ་སྒྲོག་རོལ་མོའི་ཚོགས་པ་དང་མཉམ་ལས་ཐེངས་དང་པོ་བྱས་ཏེ། ཀྲུང་གོའི་ལྟད་མོ་བར་མིག་ཡིད་རྣ་བའི་དགའ་སྟོན་གྱི་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་གཉིས་བཤམས་པ་རེད།
     ལིའོ་ཁྲང་ཡུང་གིས་མི་དམངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་བཤད་དོན། “ད་ཐེངས་ལྕགས་རི་རིང་པོའི་འོག་དུ་ཀྲུང་གོའི་ཕུལ་བྱུང་གི་བརྩམས་ཆོས་མཉམ་དུ་འཁྲབ་སྟོན་བྱེད་པའི་གོ་སྐབས་ཐོབ་པར་སེམས་ནས་སྤྲོ་སྣང་ཆེན་པོ་འདུག”  “《ཨ་ཕའི་རྩྭ་ཐང་དང་ཨ་མའི་ཆུ་བོ་》ཞེས་པའི་གླུ་གཞས་དེ་ནི་རང་ཡུལ་དང་བྲལ་བའི་མི་ཕ་ཡུལ་དུ་ལོག་པའི་བསམ་དོན་མཚོན་པའི་བརྩམས་ཆོས་ཞིག་ཡིན་པ་དང་། མེས་རྒྱལ་གྱི་རི་ཀླུང་ཀུན་ལ་བརྩེ་བ་ཟབ་མོ་འཆང་བཞིན་པའང་མཚོན་ཡོད་པས། ང་རང་གིས་འདི་ག་ནས་ཀྲུང་གོའི་བརྩམས་ཆོས་ཕུལ་དུ་བྱུང་བ་འདི་གོ་ལ་ཡོངས་ཀྱི་ཀྲུང་གོ་བར་འབུལ་རྒྱུ་ཡིན་ལ་ས་འདི་ནི་ང་ཚོ་ཚང་མས་བརྩེ་བ་འཆང་རིན་ཡོད་པ་ཞིག་རེད་”ཅེས་གླུ་གཞས་ཀྱི་བརྩམས་ཆོས་དེ་ངོ་སྤྲོད་བྱས།
     ལིའོ་ཁྲང་ཡུང་གིས་འཛམ་གླིང་ས་ཕྱོགས་ཁག་གི་རོལ་དབྱངས་མཁས་ཅན་དང་མཉམ་ལས་བྱེད་ཐེངས་རེ་རེ་ནི་རོལ་དབྱངས་སྤེལ་རེས་ཀྱི་ཐབས་ལམ་ཞིག་ཡིན་པ་མ་ཟད་ཀྲུང་གོའི་རིག་གནས་རྒྱུད་སྤེལ་བྱེད་པའི་གོ་སྐབས་ཤིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལིའོ་ཁྲང་ཡུང་གིས་“གླུ་དབྱངས་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་འདྲིས་བྱས་ཏེ་ཀྲུང་གོའི་རིག་གནས་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏང་རྒྱུ་ནི་ང་ཚོའི་འགན་འཁྲི་དང་ལས་འགན་ཡིན་”ཅེས་བཤད།
      ལིའོ་ཁྲང་ཡུང་གིས། ང་ཚོས་ཀྲུང་གོའི་འབྱུང་བ་འཛམ་གླིང་ལ་བཤད་རྒྱུ་ཡིན་པ་མ་ཟད་རྒྱུད་རིམ་དེའི་ཁྲོད་ཕྱིའི་རྒྱལ་ཁབ་ཀྱི་ཕུལ་བྱུང་རིག་གནས་ལའང་སློབ་སྦྱོང་བྱེད་པ་དང་ང་ཚོའི་ཕུལ་བྱུང་རིག་གནས་དང་མཉམ་འདྲེས་བྱས་ཏེ་རྒྱུན་ཆད་མེད་པར་ཀྲུང་གོའི་རིག་གནས་ཀྱི་རྒྱལ་སྤྱིའི་མོས་སེམས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་བཞིན་ཡོད། “རོལ་དབྱངས་ནི་ཀུན་གྱིས་དང་ལེན་བྱེད་བདེ་ཤོས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན་པས། རོལ་དབྱངས་ལ་བརྟེན་ནས་གྲོགས་པོ་སྒྲིག་སྟེ་ལྷག་བསམ་ཟོལ་མེད་ཀྱི་མཛའ་བཤེས་རྒྱུད་སྤེལ་བྱེད་པ་ནི་རྣམ་པ་བཟང་པོ་ཞིག་རེད། རེ་བར་རྒྱ་ཆེའི་རིག་རྩལ་ལས་དོན་པས་བརྗོད་བྱ་གཙོ་བོའི་གསར་རྩོམ་ཐད་རྙིང་འབུད་གསར་འདོན་བྱ་རྒྱུ་དང་མཚོན་སྟངས་ཐོག་ཡུལ་བབ་དང་བསྟུན་ནས་ཀྲུང་གོའི་གླུ་གཞས་མང་པོ་འཛམ་གླིང་ལ་ཉན་དུ་འཇུག་རྒྱུ་ཡིན་”ཟེར།