འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་གྱི་གནས་བབ་ལ་རོགས་རམ་བྱེད་འདོད་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “ཕྱི་འབྲེལ་པུའི་མགྲིན་ཚབ་པའི་གཞུང་དོན་ཁང་”གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་8ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཡུག་རེན་གསར་འགྱུར་ཁང་གི་གསར་འགོད་པས། ཨུ་རུ་སུའི་དམག་དཔུང་གིས་ཏི་ཉེ་པོ་གཙང་པོའི་ཁ་ཧོ་ཕུའུ་ཁ་ཆུ་ཤུགས་གློག་ཁང་གི་ཆུ་རགས་འབར་གཏོར་བྱས་རྗེས། ཡུལ་མི་མང་པོ་ཞིག་ཆུ་ལོག་གིས་བསྣུབས་ནས་མང་ཚོགས་སྟོང་ཕྲག་གི་ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཕོག་པར། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་ལ་གེགས་བར་རྗེས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད་དམ་ཞེས་དྲིས།
   ཝང་ཝུན་པིན་གྱིས། ཁ་སང་ངས་ཚང་མར་གསལ་བཤད་ཞུས་ཟིན། འབྲེལ་ཡོད་སྒྲིག་བཀོད་ལ་གཏོར་བཤིག་ཕོག་པར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་ལས་མི་ཆོས་དང་། དཔལ་འབྱོར། སྣོད་བཅུད་བཅས་ཀྱི་ཤུགས་རྐྱེན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་གདོང་ཐུག་དོ་བདག་ཕྱོགས་ཚང་མར་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་བརྩི་སྲུང་ཞུས་ནས། མི་སེར་དང་དམངས་སྤྱོད་སྒྲིག་བཀོད་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།  ཁ་ཚ་དགོས་གཏུག་གི་ལས་ཀ་ཞིག་ནི་འབྲེལ་ཡོད་ཕྱོགས་ཀྱིས་ད་ལྟའི་གནས་བབ་ཞི་ལྷོད་དུ་བཏང་སྟེ་ཐུན་མོང་ཐོག་གོད་ཆག་ལ་ཁ་གཏད་འཇལ་ཆེད་འབད་བརྩོན་བྱ་རྒྱུ་འདི་རེད།
   ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱ་ཐབས་ལ་བརྟེན་ནས་ཡུག་རེན་གྱི་མི་ཆོས་གནས་བབ་ཞི་ལྷོད་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ང་ཚོས་ཡུག་རེན་གྱི་མི་ཆོས་གནས་བབ་སྐོར་གྱི་གྲོས་འགོ་དྲུག་སོགས་ཀྲུང་གོའི་འདོད་ཚུལ་བཏོན་པ་མ་ཟད། ཡུག་རེན་ཕྱོགས་ལ་མི་ཆོས་རིང་ལུགས་ཀྱི་དངོས་པོའི་རོགས་སྐྱོར་ཁག་ཀྱང་མང་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མུ་མཐུད་རང་ཉིད་ཀྱི་འབད་བརྩོན་བྱེད་འདོད་ཡོད་ཅེས་བཤད།