འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དར་ཆ་བསྒྲེངས་མེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་8ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ཏི་ཡཱ་ལི་ཁེ་ཡིས་ཉིའུ་ཡོག་ཏུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཁའ་རླུང་གི་སྦགས་བཙོག་རྐྱེན་པས་དར་ཆ་སྒྲེང་རྒྱུ་ཐོག་མར་དོར། 
ཉིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའི་ཕྱི་རོལ་དུ་ཚོགས་མིའི་རྒྱལ་ཁབ་193གྱི་རྒྱལ་དར་ཡོད་པ་དང་རྒྱུན་དུ་ལས་ཀའི་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣས་རྒྱལ་དར་སྒྲེང་གིན་ཡོད། ཉིའུ་ཡོག་ཏུ་དྲག་ཆར་བབ་པ་དང་། རླུང་འཚུབ་ལྡང་བ། ཁ་བ་ཆེན་པོ་བབ་པ་སོགས་ཀྱི་གནམ་གཤིས་ཧ་ཅང་སྡུག་པོའི་དུས་སུ་རྒྱལ་དར་སྒྲེང་གི་མེད། 
   ཁ་ན་ཏར་མེ་སྐྱོན་ཆད་མེད་མཆེད་པའི་ཤུགས་རྐྱེན་དབང་གིས། ཨ་རིའི་ཤར་རྒྱ་མཚོའི་ངོགས་དང་དབུས་ནུབ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་གི་མཁའ་རླུང་ལ་སྦགས་བཙོག་ཚབས་ཆེན་བྱུང་ཡོད་པ་རེད། འདས་ཟིན་པའི་ཉིན་གཉིས་ནང་ཉིའུ་ཡོག་ཀྱི་མཁའ་རླུང་སྤུས་ཚད་ལོ་རྒྱུས་ཐོག་སྡུག་ཤོས་སུ་སླེབས་ཡོད།