འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དངུལ་ཁང་ལྔ་ཡིས་དོན་འདི་བསྒྲགས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་8ཉིན་བཟོ་ཚོང་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། ཀྲུང་གོ་དངུལ་ཁང་། འགྲིམ་འགྲུལ་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་སོ་སོས་སྤྱི་བསྒྲགས་སྤེལ་ནས། ཟླ་6ཚེས་8ཉིན་ནས་བཟུང་བཅོལ་དངུལ་གྱི་སྒོ་བྱང་བཀལ་བའི་སྐྱེད་ཚད་དམའ་རུ་བཏང་བ་རེད། དེའི་ནང་དུས་ངེས་མེད་ཀྱི་གསོག་དངུལ་གྱི་སྐྱེད་ཀ་དེ་གོང་གི་0.25%ནས་0.2%བར་བཅག་ཡོད། ལོ་གཉིས་དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀ་2.05%བར་བཅག་པ་དང་། ལོ་གསུམ་དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀ་2.45%བར་བཅག་པ། ལོ་5དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀ་2.5%བར་བཅག་ཡོད་པ་རེད། མར་བཅག་ཚད་སོ་སོ་གཞི་ཚེག་5ནས་15བར་ཡིན། ཟླ་བ་གསུམ་དང་། ཟླ་བ་དྲུག ལོ་གཅིག་བཅས་ཀྱི་དུས་བཀག་བཅོལ་དངུལ་གྱི་སྐྱེད་ཀར་འགྱུར་བ་མེད།