འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་སྐོར་གཡེང་འདི་རྒྱལ་ཁབ་གང་ལ་ཡང་དམིཊ་པ་མིན། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་8ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་མཁའ་དབྱིངས་ཀྱི་འཐབ་ཇུས་སྐོར་གཡེང་བྱས་པ་དེར་ལྗར་པན་གྱིས་སེམས་ཁྲལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྗར་པན་ཕྱོགས་ཀྱི་སེམས་ཁྲལ་ལ་ལན་གང་ཞིག་འདེབས་རྩིས་ཡོད་དམ་ཞེས་དྲིས།
     དེའི་ཐད་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་བཤད་རྒྱུར། ད་ཐེངས་ཀྱི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་ཐོག་མཁའ་དབྱིངས་སུ་འཐབ་ཇུས་ལྡན་པའི་སྐོར་གཡེང་བྱ་རྒྱུའི་སྐོར་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཆ་འཕྲིན་མ་ཟིན་ཁྱབ་བསྒྲགས་བྱས་ཟིན་པས་ཚང་མས་ཀློག་བཤེར་བྱེད་ཆོག  ཐེངས་འདིའི་ཀྲུང་ཨུའི་མཉམ་འབྲེལ་ཐོག་མཁའ་དབྱིངས་སུ་འཐབ་ཇུས་ལྡན་པའི་སྐོར་གཡེང་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་རྒྱུན་སྲོལ་དང་མཐུན་པ་དང་། དེ་དམིགས་བསལ་གྱི་རྒྱལ་ཁབ་གང་ལའང་དམིགས་པ་མིན།