འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ཀྱིས་ཐའེ་ཝན་དང་དམག་དོན་འབྲེལ་བ་བྱས་མི་ཆོག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་6ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གསར་འགོད་པ་ཞིག་གིས། 《དངུལ་རྩའི་སྐབས་དོན་ཚགས་པར་》དུ་གནས་ཚུལ་རྒྱུས་མངའ་ཡོད་པའི་མི་སྣ་བཞི་ཡིས་གནས་འཕྲིན་སྤེལ་བ་དྲངས་ནས། ཨ་རི་དང་། ལྗར་པན། ཐའེ་ཝན་བཅས་ཀྱིས་མཚོ་དམག་གི་མི་མེད་མྱུལ་ཞིབ་གནམ་གྲུའི་དུས་ཐོག་གཞི་གྲངས་མཉམ་སྤྱོད་བྱ་རྒྱུ་རེད་ཅེས་འཁོད་ཡོད། ཕྱི་འབྲེལ་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     དེའི་ཐད་ཝང་ཝུན་པིན་གྱིས། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་དང། ཀྲུང་གོ་དང་ལྗར་པན་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་རེད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་ལ། ཀྲུང་གོའི་ཁེ་ཕན་ལྟེ་བའི་ཁྲོད་ཀྱི་སྲོག་ཤིང་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་དང་ཐའེ་ཝན་བར་དམག་དོན་འབྲེལ་བ་རྣམ་པ་སྣ་ཚོགས་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ལ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ཞུས་ནས་ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་པའི་རྒྱུ་རྐྱེན་མི་བཟོ་བའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས།