འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇཌ་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2061བཏང་བ། དུས་མཚུངས་ལས་7%འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་ཚོགས་པས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལྕགས་ལམ་མ་འཇོག་གིས་སྤྱི་ཚོགས་ཧྲིལ་པོའི་མ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་2061བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་7%འཕར་ཡོད་པ་རེད།
     འདི་ལོ་ནས་བཟུང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་དེང་རབས་ཅན་གྱི་ལྕགས་ལམ་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་བསྐྲུན་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།
     གཙོ་གནད་རྣམ་གྲངས་ཀྱི་ལས་གྲྭ་ཁག་གཅིག་ལ་ཚད་བརྒལ་གསར་པ་བྱུང་ཞིང་། ནན་ཁྲང་ནས་ཅིའུ་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། ཀོང་ཤིས་ཧྥང་ཁྲེང་ཀང་ནས་ཏུང་ཤིང་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་སྒྲོག་གདུང་རྦད་དེ་བཏིང་ཚར་བ། ཁྲུང་ཆིང་ནས་ཧུའུ་ནན་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ། པའོ་ཐོའུ་ནས་དབྱིན་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ། ཧྲང་ཧའེ་དང་། ཁྲུང་ཆིང་། ཁྲེང་ཏུའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཝུའུ་ཧན་ནས་དབྱི་ཁྲང་བར་གྱི་དུམ་བུ་དང་། ཅི་ཉིང་ནས་ཏ་ཐུང་བར་དང་དེ་ནས་ཡོན་ཕིང་བར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད།
     ལམ་ཐིག་གལ་ཆེན་ཁག་གཅིག་མཐའ་མའི་དུས་མཚམས་སུ་སླེབས་པ་དང་། ནན་ཁྲང་ནས་ཅིང་ཏེ་ཀྲེན་བར་དང་དེ་ནས་ཧོང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལྕགས་ལམ་བཏིང་ཟིན་པ་དང་། ཀུའེ་དབྱང་ནས་ནན་ཉིང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཧྥུའུ་ཀྲོའུ་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྙོམས་སྒྲིག་གི་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་ཡོད།
     རྣམ་གྲངས་གསར་པ་ཁག་གཅིག་སྐྲུན་འགོ་ཚུགས་པ་དང་། ཟླ་5པར་ཤིས་ཨན་བབས་ཚུགས་ཤར་མའི་ཚུགས་ཁང་དངོས་སུ་སྐྲུན་འགོ་ཚུགས་པ་དང་། ཅི་ནན་ནས་ཀྲེང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤར་ཕྱོགས་དུམ་བུ་དང་། ལན་ཀྲོའུ་ནས་ཀྲང་ཡེའི་བར་གྱི་ལྕགས་ལམ་ལམ་ཐིག་གསུམ་པ་དང་བཞི་པའི་ལན་ཀྲོའུ་ནས་ཝུའུ་ཝུའེ་བར་གྱི་དུམ་བུ། ཁྲི་ཀྲོའུ་ནས་ཧོང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ་འདིང་བའི་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད།