འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧྲང་ཧའེ་ཡིས་འགག་སྒོའི་ཕྱི་རྒྱལ་བའི་མི་སྒེར་གྱི་ཐོངས་མཆན་དྲ་ཐོག་ནས་བདག་སྤྲོད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གསར་འགོད་པས་ཟླ་6ཚེས་7ཉིན་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྒྱལ་མཚམས་འཛུལ་གྲོལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཧྲང་ཧའེ་རྒྱལ་མཚམས་འཛུལ་གྲོལ་དོ་དམ་སྡེ་ཚན་གྱིས་ཚེས་7ཉིན་ནས་བཟུང་། འགག་སྒོའི་ཕྱི་རྒྱལ་བའི་མི་སྒེར་གྱི་ཐོངས་མཆན་དྲ་ཐོག་ནས་བདག་སྤྲོད་དང་། “ཕྱི་རྒྱལ་བའི་ལས་ཀ་དང་གནས་སྡོད་ཀྱི་སྐར་ཁུང་རྐྱང་པ”ཡི་སྲིད་དོན་ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་སློབ་མར་རྒྱལ་མཚམས་འཛུལ་གྲོལ་གྱི་ལག་ཁྱེར་སྒྲུབ་གཉེར་གྱི་མཚན་མོའི་ཆེད་སྒྲུབ་ཁུལ་འཛུགས་པ་སོགས་རྒྱལ་མཚམས་འཛུལ་གྲོལ་གྱི་མི་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པའི་ལག་ཁྱེར་སྒྲུབ་གཉེར་གྱི་ཞབས་འདེགས་ལེགས་སུ་གཏོང་བའི་བྱེད་ཐབས་མང་པོ་བཏོན་པ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། འགག་སྒོའི་ཕྱི་རྒྱལ་བའི་མི་སྒེར་གྱི་ཐོངས་མཆན་སྒྲུབ་གཉེར་སྟབས་བདེ་ཡོང་ཆེད། དེ་ཉིན་ནས་བཟུང་ཧྲང་ཧའེ་ཡིས་འགག་སྒོའི་ཕྱི་རྒྱལ་བའི་མི་སྒེར་གྱི་ཐོངས་མཆན་དྲ་ཐོག་ནས་སྔོན་ལ་བདག་སྤྲོད་བྱེད་ཀྱི་ཡོད་པ་རེད། ཛ་དྲག་གི་ཚོང་དོན་སོགས་ཀྱི་དབང་གིས་ཕྱི་རྒྱལ་བ་གདན་དྲངས་ནས་རྒྱལ་མཚམས་ནང་དུ་འཛུལ་རིགས་ལ། ཧྲང་ཧའེ་རུ་ཡོད་པའི་ཚན་པས“དྲ་གཅིག་ཀུན་སྒྲུབ”ལས་སྟེགས་སམ་ཡང་ན་ཧྲང་ཧའེ་གྲོང་ཁྱེར་རྒྱལ་མཚམས་འཛུལ་གྲོལ་དོ་དམ་ཅུས་ཀྱི་གློག་རྡུལ་སྲིད་དོན་ལས་སྟེགས་བརྒྱུད་དྲ་ཐོག་ནས་རེ་འདུན་ཞུ་ཆོག་པ་དང་། དྲ་ཕྱི་ནས་ཤོག་ཐོག་ཡིག་ཆ་སྐྱེལ་དགོས་ཀྱི་མེད། ཞིབ་བསྡུར་ཐོབ་རིགས་ཡིན་ན། གདན་འདྲེན་ཞུས་པའི་ཕྱི་རྒྱལ་བ་འགག་སྒོར་འབྱོར་རྗེས་ཕབ་ལེན་པར་འདེབས་ཀྱི་འབྱོར་འཛིན་ལ་བརྟེན་ནས་ལམ་སེང་འགག་སྒོའི་ཐོངས་མཆན་གཉེར་ཏེ་རྒྱལ་མཚམས་ནང་དུ་འཛུལ་ཆོག་གི་ཡོད་པ་རེད།