འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་སློང་འགྲན་བསྡུར་སྐབས་བཅུ་བདུན་པ་
ཟླ་6ཚེས་16ཉིན་འགོ་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་09ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་བརྒལ་མཐར་ཟད་འགྲན་སློང་འགྲན་བསྡུར་སྐབས་བཅུ་བདུན་པ་ཟླ་6ཚེས་16ཉིན་ནས་ཚེས་27ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དང་ཚ་རྔ་འགག མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་བཅས་ས་ཆ་བཞིར་གཉེར་རྒྱུ་རེད། ད་རེས་ཀྱི་འགྲན་བསྡུར་ཁྱོན་ཉིན་12ཡིན་པ་དང་། མིག་སྔའི་བར་རྒྱལ་ནང་གི་དུས་ཡུན་རིང་ཤོས་དང་ལུས་རྩལ་པ་མང་ཤོས་ཞུགས་པའི་ཆུ་ཚད་མཐོ་བའི་ཡོངས་བསྒྲགས་ཆུ་ཁོངས་འགྲན་བསྡུར་ཞིག་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་24ཡི་ལུས་རྩལ་པ་248འགྲན་བསྡུར་ནང་མིང་ཐོ་བཀོད་ཡོད།