འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དགུ་ཚིགས་ཁྱིམ་རྒྱུད་ཀྱི་གསར་རྙེད་ཆེན་པོ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།དགུ་ཚིགས་ཁྱིམ་རྒྱུད་ཀྱི་གསར་རྙེད་ཆེན་པོ།
     ཚན་རིག་མཁས་ཅན་གྱིས་ཀུའོ་ཧྲོའུ་ཅིང་རྒྱང་ཤེལ་སྤྱད་དེ་བརྟན་སྐར་ཁྲོད་དུ་སྤུས་ཚད་ཉི་མའི་སྤུས་ཚད་ལས་ལྡབ་260ལས་མཐོ་བའི་རབས་དང་པོའི་བརྟན་སྐར་གྱི་རྫས་འགྱུར་རྗེས་ཤུལ་ཞིག་རྙེད་ཅིང་། ཐེངས་དང་པོར་ལྟ་དཔྱད་ཚད་འཇལ་གྱི་སྟེང་ནས་རབས་དང་པོའི་བརྟན་སྐར་གྱི་སྤུས་ཚད་དེ་ཉི་མའི་སྤུས་ཚད་ཀྱི་ལྡབ་བརྒྱ་ཕྲག་དུ་མ་ཟིན་པའི་གཞུང་ལུགས་ཀྱི་ཚོད་དཔག་བདེན་དཔང་བྱས་ཡོད་པས། འཇིག་རྟེན་རིམ་འགྱུར་གྱི་གསང་བ་སྔར་བས་འཚོལ་ཞིབ་བྱེད་པར་དོན་སྙིང་གལ་ཆེན་ལྡན། 
     ཞིབ་འཇུག་དེ་ནི་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་རིག་ཁང་གི་ཞིབ་འཇུག་པ་ཀྲའོ་ཀང་གིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཚོགས་པས་ལེགས་འགྲུབ་བྱས་པ་ཞིག་ཡིན་པ་དང་། འབྲེལ་ཡོད་གྲུབ་འབྲས་དེ་ཚེས་7ཉིན་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང་》ཞེས་པའི་ཐོག་སྤེལ་ཡོད།