འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དཀྲོག་གཏམ་འདི་ལ་དོགས་ཟོན་བྱ་རོགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་6ཉིན་ནོར་སྲིད་པུས་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས། ཉེ་དུས་རྫུན་བཟོ་བྱས་པའི“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའི་དངུལ་རྩའི་བུན་འཛིན”པར་རིས་དང་དེ་བཞིན་ཆ་འཕྲིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བརྒྱུད་བསྒྲགས་བྱས་ཡོད་ཅེས་འཁོད་ཡོད་པ་རེད། ད་ལྟ་གསལ་བསྒྲགས་བྱ་རྒྱུ་གཤམ་གསལ།
     ནོར་སྲིད་པུའུ་ཡིས་འགྲེམས་སྤེལ་བྱས་པའི་བུན་འཛིན་ཚང་མ་རྒྱལ་བུན་ཡིན་ཞིང་། དངུལ་རྩའི་བུན་འཛིན་འགྲེམས་སྤེལ་བྱེད་མྱོང་མེད་པ་མ་ཟད། 1997ལོའི་རྗེས་སུ་དངོས་རྫས་རྒྱལ་བུན་འགྲེམས་སྤེལ་བྱེད་བཞིན་མེད། ནོར་སྲིད་པུའུ་ཡི་རྒྱལ་བུན་འགྲེམས་སྤེལ་གྱི་འབྲེལ་ཡོད་ལམ་ལུགས་དང་། བྲིན་འཚོང་ཁས་ལེན་ཚོགས་པའི་ཁོངས་མིའི་མིང་ཐོ། དུས་ཁག་སོ་སོའི་རྒྱལ་བུན་འགྲེམས་སྤེལ་དུས་ཚོད། དུས་བཀག སྐྱེད་ཚད་སོགས་ཀྱི་ཆ་འཕྲིན་ཚང་མ་ནོར་སྲིད་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས། གལ་ཏེ་དོགས་གནད་ཡོད་ཚེ་ག་དུས་ཡིན་ཡང་ཀློག་བཤེར་བྱས་ཆོག 
     སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་དོགས་ཟོན་ཆེར་བསྐྱེད་ཀྱིས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།