འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུག་རེན་དང་ཐུར་ཁེ་ཡི་ཙུང་ཐུང་གིས་དོན་འདི་གླེང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཐུར་ཁེའི་ཨ་ན་ཏུའོ་ལུའུ་གསར་འགྱུར་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་7ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཉིན་དེར་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་ཁ་པར་བརྒྱབ་པ་རེད། ཨེར་ཏུའོ་ཨན་གྱིས་ཐུར་ཁེ་དང་། ཨུ་རུ་སུ། ཡུག་རེན་དང་མཉམ་འབྲེལ་རྒྱལ་ཚོགས་བཅས་ཕྱོགས་བཞིའི་རིགས་གཅིག་མཁས་པ་ཞུགས་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། ཁཱ་ཧུའོ་ཧྥུ་ཁཱ་ཆུ་གློག་ས་ཚིགས་ཀྱི་རགས་ཆེན་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱས་ཆོག་ཅེས་བཤད་པ་རེད།  
     ཁཱ་ཧོ་ཧྥུ་ཁཱ་ཆུ་གློག་ཁང་དེ་ཧོར་སུང་ས་ཁུལ་གྱི་ཏེ་གཉའ་པོ་ཆུ་བོའི་སྨད་རྒྱུད་དུ་གནས་པ་དང་། དུས་རབས་20པའི་ལོ་རབས་50པར་བསྐྲུན་པ་དང་། མིག་སྔར་ཨུ་རུ་སུ་ཕྱོགས་ཀྱིས་ཚོད་འཛིན་བྱེད་ཀྱི་ཡོད། ཆུ་གློག་ཁང་དེའི་རགས་ཆེན་ཚེས་6ཉིན་གཏོར་སྐྱོན་ཐེབས་པ་དང་། ས་ཁུལ་ཁག་ཅིག་ལ་ཆུ་སྐྱོན་ཕོག་བཞིན་ཡོད་པ་རེད། ཨུ་ཡུག་ཕྱོགས་གཉིས་ཀས་ཕ་རོལ་པོས་འཇབ་རྒོལ་བྱས་པ་ངོས་འཛིན་བྱེད་ཀྱི་ཡོད།